ཨ་རིའི་སྲིད་འཛིན་འོས་མིས་བོད་དོན་དྲི་བར་ལན་འདེབས་གནང་བ།


2016.02.29
ཨ་རིའི་སྲིད་འཛིན་འོས་མི་དང་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་སྤི་ཡ་ Marco Rubioམཆོག ཨ་རིའི་སྲིད་འཛིན་འོས་མི་དང་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་སྤི་ཡ་ Marco Rubioམཆོག
དྲ་བཤུས/FB

དེ་ཡང་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རུ་སྤི་ཡ་ Marco Rubioམཆོག་གིས། རྒྱ་ནག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་གནང་རྒྱུ་མེད་པ་དང་། ཐག་ཆོད་དེ་ཏཱ་ལའི་བླ་མ་གང་ཉིད་ཀྱིས་གནང་དགོས་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད།
རྒྱལ་ས་ཝ་ཞིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་ཕྱི་ལོ་༢༠༡༦་ལོའི་སྲིད་འཛིན་གྱི་འོས་མི་བདུན་ལ་བོད་དང་། ཏཱ་ལའི་བླ་མ། འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་གི་མཉམ་དུ་འབྲེལ་བའི་སྐོར་དྲི་བ་དྲུག་ཕུལ་ཡོད་ཅིང་། འོས་མི་རྣམས་ཀྱི་གྲས་ནས་ད་ལྟའི་མཚམས་བར་དྲི་བར་ལན་འདེབས་གནང་མཁན་གཅིག་པུ་དེ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མར་ཀོ་རུ་སྤི་ཡ་ Marco Rubio ཡིན་ཞིང་། ཁོང་གིས་དྲི་བ་དྲུག་ཆ་ཚང་བཀའ་ལན་གནང་ཡོད་ཅིང་། ལྷག་དོན་དུ་ཁོང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་ཉིད་ཀྱིས་ཐག་ཆོད་གནང་རྒྱུ་ཡིན་པ་དང་། ཁོང་སྲིད་འཛིན་དུ་འོས་ཐོན་བྱུང་བ་ཡིན་ན། རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་དཀར་པོའི་ནང་དུ་གདན་འདྲེན་ཞུ་རྒྱུ་དེ་དམིགས་བསལ་གྱི་གོ་སྐབས་ཤིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁང་ཞིག་འཛུགས་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཁོང་གི་འཛིན་སྐྱོང་གི་ཕྱི་སྲིད་ཀྱི་གནད་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་རྒྱུ་ཡིན་པའི་སྐོར་ལན་འདེབས་གནང་འདུག
ཁོང་གིས་གྲོས་ཚོགས་ཀྱི་གླེང་སྟེགས་ཐོག་བོད་ཀྱི་གནད་དོན་སྐོར་གཏམ་བཤད་གནང་བའི་ལོ་རྒྱུས་ཡོད་ཅིང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རི་ཁི་ལེན་ཌོན་དང་། གྲོས་ཚོགས་འཐུས་མི་ཟུར་པ་སྦན་ནི་སྲན་ཌར། དེ་བཞིན་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཌུམ་དང་། གྲོས་ཚོགས་འཐུས་མི་མར་ཀོ་རུ་སྤི་ཡ་སོགས་མི་སྣ་ལྔ་མུ་མཐུད་ནས་ཨ་མི་རི་ཀའི་སྲིད་འཛིན་འོས་མིའི་སྔོན་འགྲོའི་འགྲན་བསྡུར་ནང་ཕེབས་བཞིན་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎