༧གོང་ས་༧སྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ༎

༸གོང་ས་མཆོག་ལ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་ཐོག་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།

2011.04.22

༄༅༎དེ་རིང་ཕྱི་ཟླ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༢ གཟའ་པ་སངས་ཉིན་ བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་ཐོག་ཡོངས་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བར་ཆད་ཀྱི་རིགས་ཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་བགེགས་མེད་ལྷུན་གྲུབ་ཡོང་ཆེད་ ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།

༧རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་མཁའ་འགྲོ་བསུན་བཟློག་གི་བརྟན་ཞུགས་རྒྱས་པ་ལྷ་མི་ཟུང་འབྲེལ་གྱིས་ཞུ་རྒྱུར་ཉིན་གྲངས་དྲུག་རིང་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་རྣམ་གྲྭ་མཁན་རིན་པོ་ཆེ་དབུས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ཆོག་གྲྭ་དགེ་འདུན་པ་རྣམས་ནས་ཉིན་གྲངས་བཅུའི་རིང་སྐུའི་ཚེ་སྒྲུབ་ཞུས་ཡོད་ཅིང།  བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་མན་ཌལ་ལྗགས་བཤད་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་༧ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པའི་ཞབས་རིམ་དུ་ ཚེ་དཔག་མེད་ཀྱི་གཟུངས་སྔགས་འབྲིང་བ་གྲངས་ ས་ཡ་གཉིས་དང་འབུམ་གསུམ་ཙམ་དང་ གཟུངས་སྔགས་བསྡུས་པ་ ས་ཡ་བཅིུས་དང་འབུམ་ལྔ་ དེ་བཞིན་བྱ་བྱིའུ་དང་ ཉ་ ར་ལུག་སོགས་ཁྱོན་དུད་འགྲོ་སེམས་ཅན་མང་དག་ཅིག་སྲོག་བླུ་ཞུས་ཡོད་པ་འཁོད་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ཡོངས་ཀྱིས་ལྷ་མི་ཟུང་འབྲེལ་གྱི་བརྟན་ཞུགས་བསྟར་འབུལ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་ཀྱང་བསྩལ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎