བལ་ཡུལ་ནང་འབར་རྫས་གས་ཐོར་བྱུང་བའི་གནས་ཚུལ།
2011.12.04
༄༅༎བལ་ཡུལ་ནང་འབར་རྫས་གས་ཐོར་གྱི་དོན་རྐྱེན་ནང་ཉེན་སྲུང་མི་སྣ་བདུན་རྨས་ཡོད་པའི་གནས་ཚུལ་ཐོན་འདུག འདི་ཚེས་གསུམ་ རེས་གཟའ་སྤེན་པའི་སྔ་དྲོ་བལ་ཡུལ་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཨི་ཊ་ཧ་རི་(Itahari)ཞེས་པར་དམག་མིའི་སྲུང་སྐྱོབ་རུ་ཁག་གཅིག་གིས་ཁུལ་དེར་འབར་རྫས་ནུས་མེད་བཟོ་སྐབས་འབར་རྫས་གཅིག་གས་ཐོར་གྱིས་དམག་མི་བདུན་དང་དེ་མིན་ཡུལ་མི་དྲུག་བཅས་ཁྱོན་བསྡོམས་ཡུལ་མི་བཅུ་གསུམ་རྨས་ཡོད་ལུགས་ཉེན་སྲུང་སྤྱི་ཁྱབ་ར་ཇུ་མ་ནནྡར་(Raju Manandhar) གྱིས་གསར་འགོད་པ་འགྲེལ་བརྗོད་གནང་ཡོད་འདུག།