རྒྱ་ནག་གིས་དྲག་སྤྱོད་པའི་ཐོག་འཐབ་རྒོལ་བྱེད་རྒྱུར་རྒྱབ་གཉེར་ལེན་ཐབས་བྱེད་འཆཪ།


2018.06.07
ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་(Shanghai Cooperation Organisation(SCO) 2017 ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་(Shanghai Cooperation Organisation(SCO) 2017
sectsco.org

རྒྱ་ནག་གིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཐོག་འཇིགས་སྐུལ་དྲག་སྤྱོད་པའི་ཐོག་འཐབ་རྒོལ་བྱེད་རྒྱུར་རྒྱབ་གཉེར་ལེན་ཐབས་བྱེད་རྒྱུ་ཡིན་འདུག
དེ་ཡང་སྤྱི་ལོ་༢༠༠༡ལོ་རྒྱ་ནག་དང་ར་ཤི་ཡ་གཉིས་ཟུང་འབྲེལ་གྱིས་(Shanghai Cooperation Organisation(SCO)འམ་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཟེར་བའི་ཚོགས་པ་འདི་ནི་རྒྱ་ནག་དང་ར་ཤི་ཡ་གཉིས་དང་དབུས་ཨེ་ཤེ་ཡ་ཁྱོན་ཡོངས་སུ་ཁ་ཆེའི་ལྟ་བ་མཁྲེགས་བཟུང་བ་ཚོས་འཇིགས་བསྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དང་བདེ་འཇགས་གཏོར་བཤིག་གི་གནད་དོན་ལ་ཁ་གཏད་གདོང་ལེན་གྱིས་འཐབ་རྒོལ་བྱེད་པའི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་།  དེའི་ནང་དབུས་ཨེ་ཤེ་ཡའི་ཁུལ་གྱི་དེ་སྔ་ཨུ་རོ་སུའི་མངའ་ཁོངས་སུ་ཚུད་ཅིང་ཕྱིས་སུ་རང་བཙན་ཐོབ་པའི་རྒྱལ་ཁབ་བཞི་ཡོད་པ་དང༌། ན་ནིང་ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་མཉམ་ཞུགས་བྱས་ཡོད་པ་རེད་འདུག དེ་ནས་ད་རེས་གཟའ་འཁོར་འདིའི་མཇུག་གི་གཟའ་སྤེན་པ་དང་ཉི་མ་གཉིས་ལ་གོང་ཞུས་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཟེར་བའི་ཚོགས་པ་དེའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་དེ་རྒྱ་ནག་གི་བྱང་ཕྱོགས་ཀྱི་མཚོ་ཁའི་གྲོང་ཁྱེར་(Qingdao)རུ་ཚོགས་རྒྱུ་ཡིན་པ་དེའི་ཐོག་སི་རི་ཡ་དང་། ཨི་རག་ནང་ཁ་ཆེའི་རྒྱལ་ཁབ་འཛུགས་པའི་ཆེད་དུ་བཙུགས་པའི་འཇིགས་བསྐུལ་དྲག་སྤྱོད་པ་རྣམས་ལ་ཕམ་ཉེས་བྱུང་བའི་རྗེས་སུ་རྒྱ་ནག་དང་ར་ཤེ་ཡ་གཉིས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་དེ་དག་ནང་ཁ་ཆེའི་འཇིགས་བསྐུལ་དྲག་སྤྱོད་པ་དེ་དག་གི་ཐོག་མུ་མཐུད་དེ་འཐབ་འཛིང་བྱེད་རྒྱུའི་གྲོས་བསྡུར་བྱེད་རྒྱུ་ཡིན་པའི་སྐོར་མགྲོན་བདག་ཡུལ་གྲུ་རྒྱ་ནག་གཞུང་འབྲེལ་གྱིས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༣ནས་༢༠༡༧བར་རྒྱ་ནག་གི་མཐུན་ཚོགས་རྒྱལ་ཁབ་དེ་དག་ནང་ཡོད་པའི་གོ་མཚོན་ཐོགས་པའི་དྲག་སྤྱོད་པའི་དམག་གི་སྦྱོང་བདར་བྱེད་སའི་རྟེན་གཞི་༥༠༠ཙམ་རྩ་མེད་བཏང་བ་དང་། འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་མི་སྣ་༢༠༠༠ཙམ་འཇུ་བཟུང་བྱས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎