དགའ་ལྡན་ཁྲི་པ་བརྒྱ་དང་གསུམ་པའི་ཁྲི་འདོན་གནང་རྒྱུ།
2016.10.22
༄༅། །འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁང་ཚན་ཤར་པ་ཆོས་རྗེ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་རིན་པོ་ཆེར་བསྐོ་བཞག་ཕེབས་ཡོད་འདུག། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་བློ་གསལ་གླིང་གི་རི་རྫོང་རིན་པོ་ཆེ་མཆོག་དགོང་ཁྲོལ་བྱུང་འདུག་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དགའ་ལྡན་དགོན་དུ་ཡོད་པའི་དགའ་ལྡན་ཁྲི་ཐོག་ཁང་གི་ནང་དགའ་ལྡན་ཁྲི་པ་བརྒྱ་དང་གསུམ་པའི་ཁྲི་འདོན་གྱི་མཛད་སྒོ་ཞིག་ཚུགས་རྒྱུ་ཡིན་འདུག། ཤར་པ་ཆོས་རྗེ་གསར་པར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ཚུར་ཁང་ཁང་ཚན་གྱི་རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག་ཕེབས་རྒྱུ་ཡིན་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།