གྲོས་ཚོགས་ནང་གདན་ཞུ།
2013.04.17
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེ་རིང་ཕྱི་ཚེས་ ༡༧ ཉིན་ཕ་རན་སིའི་རྒྱལ་ས་པེ་རིས་ཁུལ་དུ་ཕེབས་འབྱོར་སྐབས། ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇིན་ཕ་རན་ཀོ་ཨིས་ཧམ་བྷར་ཊི་Jean-François Humbertམཆོག་གིས་ཕེབས་བསུ་ཞུ་རྒྱུ་རེད་འདུག དེ་བཞིན་བོད་རྒྱ་ཞི་མོལ་བསྐྱར་གསོ་དང་བོད་མིའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕ་རན་སིའི་སྲིད་གཞུང་བརྒྱུད་འབད་བརྩོན་གང་ཐུབ་ཞུ་རྒྱུ་དང་། དེ་བཞིན་France ཆབ་སྲིད་དབུ་ཁྲིད་ཚོས་མང་གཙོའི་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་ལ་ཆེ་མཐོང་འབུལ་སྲོལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལའང་ཕེབས་བསུ་དེ་ལྟར་ཞུ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་པ་རེད། གཞན་ཡང་ ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༢ བར་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་བཅར་ཏེ་གྲོས་ཚོགས་འཐུས་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་མཇལ་འཕྲད་གནང་རྒྱུ་རེད་འདུག།