བོད་དོན་ཉན་ཞིབ་གནང་རོགས།
2013.05.08
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཚེས་༦ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་འབྱོར་བྱུང་བ་དང་བསྟུན། The Hill ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་གསར་འཕྲིན་ནང་སྲིད་སྐྱོང་མཆོག་ནས་སྤེལ་བའི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་འདུག དེའི་ནང་གཙོ་བོ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་དོན་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་སྐོང་ཚོགས་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས་འདུག སྲིད་སྐྱོང་མཆོག་གི་བསྒྲགས་གཏམ་དེའི་ནང་ད་དུང་། ཨ་རིའི་གཞུང་དམངས་ནས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པས་མ་ཚད། བོད་ནང་ད་བར་བོད་མི་༡༡༧ནས་རང་སྲེག་གི་ལས་འགུལ་སྤེལ་ནས་ཛ་དྲག་གི་གནས་སུ་ལྷུང་ཡོད་པར་བརྟེན། མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཡང་ཞུས་ཡོད་པ་རེད།།