སྲིད་སྐྱོང་ལས་ཐོག་ལ་སྲིད་སྐྱོང་གི་འོས་གྲངས་མང་བ་ཡོང་བཞིན་པ།


2015.10.28
ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འོས་ཤོག་བླུགས་གནང་བཞིན་པ། ༢༠༡༥།༡༠།༡༨ ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འོས་ཤོག་བླུགས་གནང་བཞིན་པ། ༢༠༡༥།༡༠།༡༨
འཇིགས་མེད་སྙན་གྲགས/RFA

སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལས་འོས་གྲངས་ལྡབ་གསུམ་ཙམ་གྱིས་སྔོན་དུ་འགྲོ་བཞིན་པ་རེད།
དེ་ཡང་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་བཞིན་པ་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་གཉིས་དབར་འོས་གྲངས་ལྡབ་གསུམ་ཙམ་གྱིས་སྲིད་སྐྱོང་ལས་ཐོག་སྔོན་དུ་འགྲོ་བཞིན་པ་རེད།
ཕྱི་ལོ་༢༠༡༦་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་འཐུས་མི་གཏན་འབེབས་ཀྱི་ཆེད་དུ་ཉེ་བའི་ཕྱི་ཟླ་བཅུ་པའི་ཚེས་༡༨་ཉིན་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་བོད་མིའི་སྡོད་གནས་ཁག་༩༡་ཙམ་དུ་སྔོན་འགྲོའི་འོས་བསྡུ་གནང་ཡོད་ཅིང་། འོས་བསྡུའི་གྲུབ་འབྲས་ཀྱི་བསྡོམས་འབོར་དེ་ཕྱི་ཟླ་༡༢པའི་ཚེས་༢་ཉིན་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་གནང་རྒྱུ་ཡིན་དུས་འོས་བསྡུའི་གྲུབ་འབྲས་གང་ཙམ་བོད་མིའི་གསར་འགྱུར་དང་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ནང་ཐོན་ཡོད་ཅིང་། དེ་དག་ལས་འདི་གའི་ས་གནས་གསར་འགོད་པ་རྣམ་པས་བཏང་བའི་གནས་ཚུལ་དང་། བོད་ཀྱི་དུས་བབ། དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་སོགས་ལ་གཞིགས་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་སུ་སྔོན་འགྲོའི་འོས་བསྡུའི་ནང་ད་ལྟ་བར་དུ་འོས་ཤོག་ཉིས་ཁྲི་ལྔ་སྟོང་ཙམ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པོ་ཚེ་རིང་ལགས་སུ་འོས་གྲངས་བརྒྱད་སྟོང་དགུ་བརྒྱ་ཙམ་ཐོབ་པའི་ཆ་ནས་ལས་ཐོག་སྲིད་སྐྱོང་མཆོག་ལ་ལྡབ་གསུམ་མིན་ཙམ་གྱི་འོས་ཤོག་མང་བ་ཐོབ་སོན་བྱུང་ཡོད་ཅིང་། ཨང་གསུམ་པ་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་གྲངས་ཉིས་སྟོང་ཙམ་ལས་ཐོབ་མེད་དུས་དབུས་བོད་ཀྱི་འོས་བསྡུ་ལས་ཁང་གིས་ཁ་སྣོན་སྒྲིག་གཞི་གསལ་བསྒྲགས་གནང་བ་གཞི་བཟུང་བྱས་པ་ཡིན་ན། འོས་མི་གཉིས་པ་དང་གསུམ་པའི་བར་གྱི་ཁྱད་པ་དེ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་དགོས་ཀྱི་ཡོད་དུས། སྲིད་སྐྱོང་གི་དངོས་གཞིའི་འོས་མིར་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཐོན་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་བཞིན་པ་རེད། འོས་མི་བཞི་པ་བཀྲིས་དབང་འདུད་ལགས་སུ་ད་ལྟ་བར་དུ་འོས་ཤོག་གྲངས་༡༥༠༠་ལྷག་ཙམ་ཐོབ་པ་བཅས་ཀྱི་གནས་ཚུལ་ཐོན་བཞིན་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎