ལྡི་ལིར་གཞུང་ཚབ་ཁག་ལ་འཁྲུངས་སྐར་གྱི་གསོལ་སྟོན་བཤམ་འདུག


2014.07.08
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསོལ་སྟོན་སྐབས་གཏམ་བཤད་གནང་བཞིན་པ།་༢༠༡༤།༧།༦ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསོལ་སྟོན་སྐབས་གཏམ་བཤད་གནང་བཞིན་པ།་༢༠༡༤།༧།༦
བོད་མིའི་སྒྲིག་འཛུགས

སྲིད་སྐྱོང་གིས་༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་ཐུབ་པ་བྱུང་ན་དེ་དུས་རབས་ཉེར་གཅིག་པའི་ནང་གི་གཏམ་བཟང་ཡིན་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཚེས༦ཉིན་གྱི་དགོང་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་གསོལ་སྟོན་བཤམ་ཡོད་པ་དང་། མཛད་སྒོའི་ཐོག་མར་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་ལགས་ཀྱིས་སྐུ་མགྲོན་རྣམ་པར་དགའ་བསུའི་གསུང་བཤད་གནང་རྗེས་དགེ་འདུན་པ་རྣམ་པས་ཞལ་འདོན་གསུང་པ་དང་། ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་ཐོག་མར་བོད་ནས་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་གཞུང་ཕྱོགས་ཀྱི་སྣེ་ལེན་གནང་མཁན་སྐུ་ཞབས་Haminder Singh ཡིས་རང་ཉིད་ཀྱི་མྱོང་ཚོར་དང་། ༧གོང་ས་མཆོག་དང་ཐུགས་འདྲིས་ཇི་བྱུང་སྐོར་གསུང་རྒྱུའི་མཛད་རིམ་གོ་སྒྲིག་གནང་ཡོད་པ་རེད། ཁོང་ནི་རྒྱ་གར་བྱང་ཤར་ཁུལ་གྱི་སྐབས་དེའི་NEFA ཞེས་མངའ་ཁུལ་གྱི་ Khameng རྫོང་ཁུངས་ཀྱི་སྲིད་དོན་གྱི་འགོ་ཁྲིད་དེ་ཡིན་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེར་འདུས་སྐུ་མགྲོན་རྣམས་ལ་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་སྐོར་དང་། གང་ཉིད་བོད་ལ་ཕྱིར་ཕེབས་གནང་ཐུབ་པ་བྱུང་ན་དེ་དུས་རབས་ཉེར་གཅིག་པའི་ནང་གི་གཏམ་བཟང་གི་གནས་ཚུལ་ཡག་ཤོས་དེ་ཆགས་རྒྱུ་ཡིན་སྐོར་སོགས་གཏམ་བཤད་གནང་འདུག དགོང་དྲོའི་གསོལ་སྟོན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་དང་། རྒྱ་གར་གཞུང་གི་གཞུང་ཞབས་དང་ལས་ཟུར་རྣམ་པ། ཤེས་ལྡན་མི་སྣ། གསར་འགོད་པ་སོགས་མི་སྣ་གྲངས་༣༠༠ ཙམ་གདན་འདྲེན་ཞུས་ཡོད་པ་རེད། དེ་ལྟར་ཚེས༦ཉིན་ལྡི་ལིའི་ནང་ཡོད་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུའང་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
གསར་འགོདཔ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎