སྲིད་སྐྱོང་དང་རྒྱ་གར་གྱི་BJPཚོཊ་པའི་དབུ་ཁྲིད་དང་མཇལ་འཕྲད།


2015.05.04
སྲིད་སྐྱོང་དང་རྒྱ་གར་གྱི་BJPཆབ་སྲིད་ཚོཊ་པའི་དབུ་ཁྲིད་དང་མཇལ་འཕྲད་སྐབས། ༢༠༡༥།༥།༢ སྲིད་སྐྱོང་དང་རྒྱ་གར་གྱི་BJPཆབ་སྲིད་ཚོཊ་པའི་དབུ་ཁྲིད་དང་མཇལ་འཕྲད་སྐབས། ༢༠༡༥།༥།༢
tibet.net

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་གཉིས་རྒྱ་གར་གྱི་BJPཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་མཇལ་འཕྲད་གནང་བ།
དེ་ཡང་རྒྱ་གར་གྱི་BJPཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Amit Shahམཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་རམ་ས་ལ་ཁུལ་གཟིགས་སྐོར་གནང་མུས་ལ་ཁ་ས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་BJPཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་དང་། ད་ལྟ་འཕྲོད་བསྟེན་བློན་ཆེན་ཡིན་པ་སྐུ་ཞབས་J.P. Naddaམཆོག་དང་ལྷན་དུ་མཇལ་འཕྲད་གནང་སྟེ་སྲིད་སྐྱོང་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་དང་། ལྷག་པར་དུ་རྒྱ་ནག་གི་དྲག་གནོན་ལ་མ་བཟོད་པར་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ཞིབ་གསལ་སྙན་སེང་ཞུས་འདུག དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་དང་། ཡང་སྒོས་ཧི་མ་ཅལ་མངའ་སྡེའི་གཞུང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མི་རྣམས་ལ་མི་ལོ་བཅུ་ཕྲག་མང་པོའི་རིང་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་འདུག
སྐུ་ཞབས་J.P. Naddaམཆོག་གིས། སྲིད་བློན་Narendra Modiམཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་ནས་མུ་མཐུད་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་གནང་རྒྱུ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་ཆེས་ཐོངས་དང་། འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག
རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་J.P. Naddaམཆོག་ནི་རྒྱུན་རིང་ནས་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུགས་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གློ་ནད་TB སྔོན་འགོག་གནང་ཕྱོགས་སོགས་ཞིབ་གསལ་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་J.P. Naddaམཆོག་ལ་སྙན་སེང་ཞུས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎