སྲིད་སྐྱོང་མཆོག་ཨ་རིར་ཕྱོགས་ཕེབས་གནང་གཏན་འཁེལ་བ།


2017.12.03
སྲིད་སྐྱོང་མཆོག་ཨ་རིར་ཕྱོགས་ཕེབས་གནང་གཏན་འཁེལ་བ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དེ་རིང་ནས་འགོ་བཙུགས་ཀྱིས་རྒྱལ་གར་གྱི་རྒྱལ་ས་ལྡི་ལི་དང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཀྱི་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དེ་རིང་ཕྱི་ཟླ་ ༡༢ ཚེས་༣ ནས་ཚེས་ ༡༥  བར་ཨ་རི་དང་།ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ་བཞིན་ཕྱི་ཚེས་ ༥ ཉིན་ལྡི་ལི་ནས་ཨ་རིའི་རྒྱལ་ས་ལྦ་ཤིན་ཊོན་ཌི་སིའི་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ནས་ཕྱི་ཚེས་ ༨ ཉིན་བར་རྒྱལ་ས་ཝ་ཤིང་ཊོན་དུ་ལས་འཆར་ཡོད་པ་དང་། དེ་ནས་ཚེས་ ༨ ཉིན་རྒྱབ་ཝ་ཤིང་ཊོ་ཌི་སིའི་ནས་གྲོང་ཁྱེར་ནིའུ་ཡོག་ཕེབས་ཐོན་གྱིས་དེར་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་ནས་ཕྱི་ཚེས་དགུ་ཉིན་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་གཞོན་སྐྱེས་ཁག་ཅིག་ལ་གཏམ་བཤད་གནང་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་༡༠འམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ནས་ལོ་ངོ་༢༨འཁོར་བའི་དགའ་སྟོན་གྱི་ཉིན་མོར་གྲོང་ཁྱེར་ནེའུ་ཡོག་ནང་ཞི་རྒྱ་ཆེ་བའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་དང་ གཏམ་བཤད་ཡང་སྤེལ་གནང་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་བཀོད་གནང་འདུག།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎