སྲིད་སྐྱོང་བས་ཨ་རིའི་སྲིད་འཛིན་ལ་མཚམས་འཕྲིན་དང་རེ་སྐུལ།

སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་ལ་འཚམས་འདྲི་གནང་བ་དང་འབྲེལ། ཁོང་གི་འཛིན་སྐྱོང་ནས་བོད་ཀྱི་མ་འོངས་བ་བཟང་པོ་དང་། ཡག་པོ་ཡོང་ཐབས་སུ་དགོངས་བཞེས་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་འདུག

2012.11.07

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་སྲིད་འཛིན་Barack Obama མཆོག་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བ་དེར་ལ་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་ནང༌། ད་རེས་སླར་ཡང་ཨ་མི་རི་ཀས་འཛམ་གླིང་ཡོངས་ཀྱི་དོ་སྣང་བཀུག་ཐུབ་པ་བྱུང་ཡོད། ཨ་རི་རྒྱལ་ཁབ་ཐོག་མར་གསར་འཛུགས་གནང་མཁན་མེས་པོ་དམ་པ་ཚོའི་སྙིང་སྟོབས་དང་ཡོངས་ཁྱབ་བཀའ་རྩ་དེ་ཚོ་འཁྲུག་ཆ་དོད་པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཕྱོགས་ཀུན་ཏུ་ཁྱབ་པ་མཐོང་རྒྱུ་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་། ངོས་ནས་སྐུ་ཉིད་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བ་བཅས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། ཁྱེད་སྲིད་འཛིན་ལ་བསྐྱར་དུ་འོས་འདེམས་བྱུང་བ་དེས་ཁྱེད་ཀྱིས་དབུ་འཁྲིད་པའི་འཛིན་སྐྱོང་གི་སྲིད་བྱུས་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་མོས་མཐུན་ཡོད་པ་མཚོན་པ་ཙམ་མ་ཟད། འཛམ་གླིང་སྤྱི་དང་ཡང་སྒོས་ཨ་མི་རི་ཀའི་གནས་སྟངས་བཟང་དུ་འགྲོ་རྒྱུའི་མང་ཚོགས་ཀྱི་རེ་བ་དང་ཕུགས་བསམ་མཚོན་ཐུབ་ཀྱི་འདུག་ཅེས་གསུང་སྟེ།  སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འཛིན་ཨོ་བ་མ་མཆོག་ནས་ད་བར་བོད་མི་ཚོར་རྒྱབ་སྐྱོར་གནང་བར་ངོས་འཛིན་དང་བཅས། ༢༠༠༨ནས་བཟུང་བོད་ནང་རྒྱ་ཁྱབ་ཆེ་བའི་མང་ཚོགས་ཀྱི་ཞི་རྒོལ་བྱུང་བ་དང། ད་ལྟའི་སྐབས་འདིར་བོད་ནང་བོད་མི་མང་པོས་སྐུ་ལུས་མེར་བསྲེག་བཏང་གནང་གི་ཡོད་པར་བློ་འཚབ་ཆེན་པོ་ཡོད་སྐོར་ཞུས་གནང་འདུག།

དེ་བཞིན་སྲིད་སྐྱོང་བ་མཆོག་གིས་ཉེ་དུས་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་Gary Locke བོད་མདོ་སྨད་རྔ་བ་ཁུལ་དུ་ཕེབས་ནས་བོད་པའི་གནས་སྟངས་སྐོར་བཀའ་མོལ་གསུངས་པ་དེ་ཚོས་བོད་མིའི་བློ་སྟོབས་འཕེལ་ཡོད་པ་དང༌། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་གནད་དོན་དེ་བཞིན་སྲིད་འཛིན་ཨོ་བ་མའི་འཛིན་སྐྱོང་གྱིས་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་དོ་འཁུར་གནང་བ་ཞིག་ལ་ངོས་འཛིན་གནང་བ་དང༌སྦྲགས། ཨོ་བ་མའི་སྲིད་གཞུང་ལ་མ་འོངས་བོད་ཀྱི་གནས་སྟངས་བཟང་དུ་གཏོང་ཐབས་སུ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎