སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་བ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་སྤྱི་ཚེས་༢༥ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག་ལ། དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཆོས་དད་རང་དབང་ཚོགས་ཆུང་གཉིས་ཀྱི་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་འདུག
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གཞུང་འཛིན་རྙིང་ཞེན་ཚོགས་པའི་འཐུས་མི་དང་དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་Alicia Kearns དང་མཇལ་འཕྲད་གནང་འདུག་ལ། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Tim Loughton མཆོག་གི་སྐུ་མགྲོན་གནང་སྟེ་དབྱིན་ཡུལ་གྲོས་ཚོགས་ཚོགས་ཐུན་གཟིགས་རྒྱུ་བྱུང་བ་མ་ཟད། གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་Sir Lindsay Hoyle མཆོག་ལ་བཀའ་མོལ་ཁྱུག་ཙམ་ཞུ་རྒྱུ་བྱུང་ཡོད་པ་དབྱིན་ཡུལ་བོད་ཀྱི་སྐུ་ཚབས་དོན་གཅོད་ཁང་གི་དྲུང་ཆེ་བློ་ཆོས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།