སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་གཞིས་ཆགས་ཆེ་གྲས་མེའོ་ཆོས་འཕེལ་གླིང་དུ་ཕེབས་འདུག

2022.11.03
སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་གཞིས་ཆགས་ཆེ་གྲས་མེའོ་ཆོས་འཕེལ་གླིང་དུ་ཕེབས་འདུག སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་གཞིས་ཆགས་ཆེ་གྲས་མེའོ་ཆོས་འཕེལ་གླིང་དུ་ཕེབས་འབྱོར་སྐབས། ༡༡།༠༣།༢༠༢༢
CTA

དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། འདི་ཚེས་༣ཉིན་སྲིད་སྐྱོང་མཆོག་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་གཞིས་ཆགས་ཆེ་ཤོས་གྲས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ནས། གཞིས་དགོན་པདྨ་ཆོས་གླིང་དུ་མཆོད་མཇལ་དང་། དེ་ནས་ས་གནས་ཀྱི་སྤྱི་མི་ལས་ཁང་དབུ་འབྱེད་གནང་ཡོད་པ་རེད།

Sikyong PT Miao Choephelling (2).jpg
ད་རེས་སྲིད་སྐྱོང་མཆོག་གི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ལོ་སྔོན་མའི་ཟླ་བཅུ་པ་ནས་འཆར་གཞི་སྒྲིག་པ་ལྟར། ད་རེས་སྲིད་སྐྱོང་མཆོག་གི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་འཚམས་གཟིགས་དེ་བཞིན་རྒྱ་གར་གཞུང་གི་མཁྱེན་རྟོགས་ཡོད་པའི་ཐོག་ནས་ཕེབས་པ་ཞིག་དང་། གཙོ་བོ་དེ་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་གི་གནས་སྟངས་རྒྱུས་ལོན་ཆེད་དུ་རེད་ཅེས་དང་། ཨ་རུ་ནཱ་ཅལ་མངའ་སྡེ་དེ་བཞིན་ས་མཚམས་ས་ཁུལ་ཞིག་དང་། རྒྱ་ནག་གཞུང་ཕྱོགས་ནས་ཨ་རུ་ནཱ་ཅལ་གྱི་བདག་དབང་ཐད་རྒྱ་གར་ལ་རྩོད་གཞི་སློང་ནས་དཀའ་ངལ་བཟོད་བཞིན་པ་ལ་བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་སྣང་བ་རྣམ་རྟོག་མེད་པའི་ཐོག་ཨ་རུ་ནཱ་ཅལ་དེ་བཞིན་རྒྱ་གར་གྱི་མངའ་ཁོངས་ཡིན་པའི་ཐོག་ནས་འཚམས་གཟིགས་གནང་བཞིན་པ་གསུངས་བྱུང་།
ཚེས་༢ཉིན་སྲིད་སྐྱོང་མཆོག་གིས་ཏི་ཛུ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་། དགོན་སྡེ་སློབ་གྲྭ་སོགས་སྡེ་ཚན་ཁག་ཚང་མར་གཟིགས་སྐོར་གནང་བ་དང་མཉམ་མང་ཚོགས་ལ་གསུང་བཤད་གནང་སྐབས། ཉེ་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་མགོན་པོ་གང་ཉིད་མཆོག་ལོ་བཅུ་ཕྲག་གཉིས་ལྷག་སྐུ་འཚོ་བཞུགས་གནང་རྒྱུའི་བཀའ་བཞེས་ཟབ་མོ་ཕེབས་ཡོད་པ་དེ་སྐལ་པ་བཟང་པོ་ཞིག་དང་། ཁོང་སྐུ་ཚེ་ཡུན་རིང་གནས་མ་གནས་དེ་ཡང་བླ་མ་དང་སློབ་མའི་བར་གྱི་དམ་ཚིག་དང་འབྲེལ་བ་ལ་རག་ལུས་ཡོད་དུས། བོད་མི་ཚོས་དུས་རྒྱུན་དུ་ནས་ཁོང་གི་བཀའ་དྲིན་དྲན་བཞིན་བཀའ་དང་དགོངས་པ་སྒྲུབ་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག
རིམ་པས་སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་མེའོ་ཆོས་འཕེལ་གླིང་དང་། ཀྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་བཅས་སུ་ཆེད་ཕེབས་གཟིགས་སྐོར་གནང་རྒྱུ་ཡིན་འདུག་ལ། ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བ་ནི། སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཁུལ་དེར་འཚམས་གཟིགས་གནང་བ་ཐོག་མ་ཡིན་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎