སྲིད་སྐྱོང་སློབ་ཡོན་ཐོག་མ།


2013.05.30
སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་སུ་སྲིད་སྐྱོང་མཆོག་ནས་བསྔགས་བརྗོད་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཉེ་ལམ་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་ ༩༥་༤ ཐོབ་སྟེ། རྩེ་ཕུད་ཀྱི་གྲུབ་འབྲས་ལོན་པས་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གསར་གཏོད་གནང་པའི་སྲིད་སྐྱོང་སློབ་ཡོན་གྱི་ཆ་རྐྱེན་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་༩༥ལྷག་ལོན་པར་སོང་། དེ་རིང་ཕྱི་ཚེས་ ༣༠ ཉིན་ ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་འབྲེལ་ཡོད་རྣམ་པ་དང་།    བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་མཉམ་བཞུགས་ཐོག  སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསལ་བསྒྲགས་གནང་བཞག  
དེ་ཡང་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན།    སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོུ་བསྟན་འཛིན་ཆོས་སྐྱིད་ལགས་ཐུགས་འཕྲད་གནང་སྟེ། ཡིག་རྒྱུགས་ཀྱི་གྲུབ་འབྲས་རྩེ་ཕུད་ལོན་པར་བསྔགས་བརྗོད་དང་འཚམས་འདྲི་གནང་ཡོད་པ་རེད།  རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་ཡིག་རྒྱུགས་གྲུབ་འབྲས་དེ་བཞིན་ཉེ་ཆར་ཚེས་༢༧ཉིན་གསལ་བསྒྲགས་བྱས་ཡོད་པ་དང་ མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་༩༥དང་གྲངས་ཆུང་༤ཐོབ་སྟེ། བཙོན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་ཡོད་པས་མ་ཟད། ད་བར་བཙན་བྱོལ་བོད་རིགས་སློབ་མའི་ཁྲོད་ཨང་རིམ་མཐོ་ཤོས་ཆགས་ཡོད་པ་རེད།  འདི་ལོ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་རྒྱུགས་སྤྲོད་ནང་ བོད་པའི་སློབ་ཁག་༡༦གི་སློབ་མ་ ༡༦༡༦ གིས་ཆ་ཤས་བླངས་ཡོད་པ་དང༌། བོད་པའི་སློབ་གྲྭའི་ཡིག་རྒྱུགས་འཕྲོད་པའི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༨༧།༣ བྱུང་ཡོད་པ་ནི། རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༢།༡༠ ལས་བརྒྱ་ཆ་ ༥ མཐོ་བ་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎