སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པ།


2015.12.15
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས། ༢༠༡༥ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས། ༢༠༡༥
ཀླུ་འབུམ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུགས་ཚོགས་གཙོ་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ།
དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཁག་སོ་སོར་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཆེད་ཕེབས་ཡོད་པ་རེད།
གནས་ཚུལ་ལྟར་ན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་གཟའ་ལྷག་པའི་ཉིན་ཕེབས་ཐོན་གནང་རྗེས། ཟླ་བ་འདིའི་ཚེས་༡༧ཉིན། ཚོགས་གཙོ་མཆོག་གིས་ལུགས་ཟུང་བསམ་གྲུབ་གླིང་ངམ་བྷེ་ལ་ཀོ་པིར་ཕེབས་རྒྱུ་དང་། ཚེས་༡༩ཉིན། བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་ལྷུན་པོའི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་གནང་སྐབས་ཀྱི་མཛད་རིམ་ཁོངས་སུ་ཚོགས་གཙོ་མཆོག་མཉམ་ཞུགས་གནང་རྒྱུ་དང་། ཚེས་༢༠འི་ཉིན་བྷེ་ལ་ཀོ་པི་ནས་ཕེབས་ཐོན་གྱིས་ཚེས་༢༡ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་གི་ཡོད་པ་རེད།  
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྤྱི་ཚེས༡༣ཉིན། བཞུགས་སྒར་རྡ་རམ་ས་ལ་ནས་ཕྱིར་ཕེབས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་ཕེབས་འབྱོར་གནང་སྟེ། གྲོང་ཁྱེར་དེའི་ནང་ཡོད་པའི་Christམཐོ་སློབ་ཁང་གི་དགེ་ལས་དང་།  སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་རྒྱུ་ཡིན་པ་རེད།
དེ་ནས་རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་བོད་མིའི་གཞིས་སྒར་ནང་རྟེན་གཞི་བྱས་པའི་བཀྲིས་ལྷུན་པོའི་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་གནང་བ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀྲིས་ལྷུན་པོ་དགོན་པའི་འདུ་ཁང་གསར་བཞེངས་དབུ་འབྱེད་མཛད་སྒོ་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་འབེན་པ་སྟོབས་རྒྱལ་དང་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎