ཨ་རིའི་ཕྱི་འབྲེལ་གནད་དོན་ཞིབ་འཇུག་ཁང་དུ་གཏམ་བཤད།


2013.05.09
ཨ་རིའི་ཕྱི་འབྲེལ་གནད་དོན་ཞིབ་འཇུག་ཁང་དུ་གཏམ་བཤད་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲིས།

༄༅།  །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཚེས་༦ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གནང་སྟེ། ཁ་ས་ཕྱི་ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosi མཆོག་དང་ལྕམ་Daine Feinsteinམཆོག  སྐུ་ཞབས་Patrick Leahyསོགས་ཀྱིས་གཙོས་གྲོས་ཚོགས་འཐུས་མི་ ༣༥ ལྷན་མཇལ་འཕྲད་གནང་བ་དང་ཆབས་ཅིག       སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་དོན་སྐོར་གསུང་བཤད་གནང་འདུག་ལ། དེ་རྗེས་གྲོས་ཚོགས་འཐུས་མི་རྣམས་ཀྱི་དྲི་བར་ལན་འདེབས་དང་གསལ་བཤད་གནང་བ་དང་སྦྲགས། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་རྒྱུར་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དེ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པའི་སྐོར་གསུངས་འདུག        དེ་ནས་ཁ་སང་ཉིན་རྒྱབ་ཨ་རིའི་ཕྱི་འབྲེལ་གནད་དོན་ཞིབ་འཇུག་ཁང་གིས་གདན་ཞུ་ལྟར། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐོག་མར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་ངོ་སྤྲོད་གནང་ཡོད་པ་དང༌།  རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ལུགས་འགྲེལ་བཤད་དང་འབྲེལ། བོད་མི་ཚོས་ཞི་བའི་ལམ་ནས་བོད་ཀྱི་གནད་དོན་སེལ་འདོད་ཡོད་པར་བརྟེན། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་པའི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ལེན་གནང་བཞིན་ཡོད་པའི་སྐོར་གསུང་བཞག དེ་རིང་དགོང་དྲོ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་ཚོར་གཏམ་བཤད་གནང་རྒྱུའི་ལས་རིམ་ཞིག་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎