སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོཊ་ཆེན་ཐོག་གཏམ་བཤད།


2015.11.04
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་རྒྱ་གར་གྱི་གསར་ལམ་ཁག་གིས་སྤེལ་བ། ༢༠༡༥།༡༡།༣ རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་རྒྱ་གར་གྱི་གསར་ལམ་ཁག་གིས་སྤེལ་བ། ༢༠༡༥།༡༡།༣
tibet.net

བོད་ཀྱི་བདེན་མཐའ་གསལ་བའི་རྒྱལ་ཁ་དེ་བཞིན་རྒྱ་གར་གྱི་རྒྱལ་ཁ་ཆེན་པོ་ཞིག་ཀྱང་ཡིན་ཞེས་སྲིད་སྐྱོང་མཆོག་གིས་གསུངས་གནང་འདུག
དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཐུགས་འཁུར་བཞེས་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུའི་ཁར་ཆུ་མཛོད་མང་པོ་ཞིག་རྒྱབ་ནས་བོད་ཙམ་མིན་པར་གཙང་ཆུ་རྒྱུགས་ཡུལ་ཨེ་ཤེ་ཡའི་ཡུལ་གྲུ་ཚང་མར་ཡང་གནོད་སྐྱོན་བཟོ་གི་ཡོད་ལུགས་སོགས་ཀྱི་གསུང་བཤད་གནང་འདུག
ཡང་སྲིད་སྐྱོང་མཆོག་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ཆུ་བོ་ཡར་རླུང་གཙང་པོ་ནི། རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་མི་མང་ལ་དགོས་མཁོ་ཆེ་བའི་གཙང་ཆུ་ཞིག་ཡིན་ཀྱང་། རྒྱ་ནག་གིས་ཆུ་མཛོད་མང་པོ་རྒྱབ་པའི་རྐྱེན་གྱིས་འདས་པའི་ལོ་ཤས་ནང་ཡར་རླུང་གཙང་པོའི་ཆུ་ཚད་དམའ་རུ་ཕྱིན་ནས་གཙང་ཆུ་དེར་བརྟེན་ནས་འཚོ་བ་བསྐྱེལ་མཁན་ཉ་པ་དང་། ཞིང་པ་མི་མང་ས་ཡ་མང་པོའི་འཚོ་རྟེན་ལའང་གནོད་སྐྱོན་བཟོས་ཡོད་པ་རེད་ཅེས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས། བོད་ཀྱི་བདེན་མཐའ་གསལ་བའི་ཉིན་དེ་ནས་བཟུང་རྒྱ་གར་གྱི་མཐའ་སྲུང་བདེ་འཇགས་དང་། ཆུ་བོའི་དཀའ་ངལ་སོགས་སེལ་བར་འབྲེལ་བ་ཤུགས་ཆེ་ཆགས་ཀྱི་ཡོད་སྟབས་བོད་ཀྱི་བདེན་མཐའ་གསལ་བའི་རྒྱལ་ཁ་དེ་བཞིན་རྒྱ་གར་གྱི་རྒྱལ་ཁ་ཆེན་པོ་ཞིག་ཀྱང་ཡིན་པ་དང་། སྤྱིར་བཏང་རྒྱལ་སྤྱིའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་ཀྱང་རྒྱ་གར་གཞུང་དང་མི་མང་རྣམས་བོད་དོན་ཐོག་སྔ་ཕྱི་བར་གསུམ་དུ་བཀྲིན་ཆེ་ཤོས་ཡིན་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཅོལ་བའི་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་ནས་བོད་དོན་བདེན་མཐའ་གསལ་ངེས་ཡིན་པ་སོགས་ཀྱི་གསུངས་བཤད་གནང་འདུག
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་ལྔ་པ་དེ་བཞིན། རྒྱ་གར་བྱང་ཤར་གོ་ཧ་ཌིའི་ནང་ལྷན་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱ་གར་ནང་གི་ བོད་དོན་རྒྱབ་སྐྱོར་ཚོགས་པ་༡༨༢ཙམ་ཀྱི་སྐུ་ཚབ་ལྷན་ཚོགས་ཐོག་མཉམ་བཞུགས་གནང་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎