སྲིད་སྐྱོང་གིས་རྒྱ་གར་གྱི་ས་ཁུལ་ཁག་གཅིག་ནང་འཚམས་གཟིགས།


2014.07.02
སྲིད་སྐྱོང་མཆོག་གིས་སིམ་ལའི་ཆིངས་ཡིག་བཞག་ནས་ལོ་བརྒྱ་འཁོར་བའི་བགྲོ་གླེང་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༤།༧།༣ སྲིད་སྐྱོང་མཆོག་གིས་སིམ་ལའི་ཆིངས་ཡིག་བཞག་ནས་ལོ་བརྒྱ་འཁོར་བའི་བགྲོ་གླེང་ལྷན་ཚོགས་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༤།༧།༣
ཨེ་ཤེ་ཡ་རང་དབ་རླུང་འཕྲིན། བསོད་ནམས་དབང་འདུས

སྲིད་སྐྱོང་མཆོག་གིས་སིམ་ལའི་ཆིངས་ཡིག་བཞག་ནས་ལོ་བརྒྱ་འཁོར་བའི་བགྲོ་གླེང་ལྷན་ཚོགས་ཐོག་གཏམ་བཤད་གནང་ཡོད་པ་རེད།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་ས་ཁུལ་ཁག་ཅིག་ནང་འཚམས་འདྲིར་ཕེབས་རྒྱུའི་ཐོག་མར་རྒྱལ་ས་ལྡི་ལིར་ཕེབས་ཏེ་ཕྱི་ཟླ་བདུན་པའི་ཚེས་༣ཉིན་དེ་སྔ་༡༩༡༤ལོར་སིམ་ལའི་ཆིངས་ཡིག་བཞག་ནས་ལོ་ངོ་བརྒྱ་འཁོར་བའི་བགྲོ་གླེང་ལྷན་ཚོགས་ཐོག་ཆེད་ཕེབས་ཀྱིས་གཙོ་བོ་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁག་ཟུང་འབྲེལ་གྱི་གོ་སྒྲིག་ཞུ་རྒྱུའི་ལྷན་ཚོགས་དེའི་ཐོག་རྒྱ་གར་གྱི་གཞུང་འཛིན་BJP ཡི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་Murli Manohar Joshi མཆོག་དང་། རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་གཙོས་དབུས་པའི་གནད་ཡོད་ཁག་ཅིག་ཚོགས་བཅར་གནང་ཡོད་འདུག དེ་ནས་སྲིད་སྐྱོང་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་སྟེ། ཕྱི་ཚེས་༦ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༩ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ཧི་མ་ཅལ་མངའ་སྡེའི་ཟ་འབྲུའི་བློན་ཆེན་དང་ལྷན་དུ་ཆེད་ཕེབས་གནང་གི་ཡོད་པ་རེད། ཚེས་༧ཉིན་སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་Bangalore དུ་ཚོགས་རྒྱུའི་བོད་ཀྱི་དུས་སྟོན་ཞེས་པའི་དུས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་གཙོ་བོའི་སྐུ་མགྲོན་དུ་ཆེད་བཅར་ཞུ་རྒྱུ་དང། དེ་ནས་ཚེས་༨ དང་༩ ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་Kollegal ཁུལ་དུ་ཆགས་པའི་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་སྟེ། གཞིས་ཆགས་དེའི་ནང་གི་བོད་མི་ཚོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་བསྟར་གནང་བཞིན་པའི་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་དམིགས་པའི་དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་གནང་རྒྱུ་ཡིན་ཞིང། དེ་རྗེས་སྲིད་སྐྱོང་མཆོག་ལ་ལ་དྭགས་དུས་འཁོར་བཀའ་དབང་གོ་སྒྲིག་ཚོགས་ཆུང་ཁག་གིས་གདན་ཞུ་ཕུལ་བ་ལྟར་སྤྱི་ཟླ་བདུན་པའི་ཚེས་༡༠ ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་བཀའ་དབང་ཆོས་ཞུར་བཅར་ཏེ་ཚེས་༡༤ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་གནང་གི་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎