ཁེ་ན་ཌའི་གྲོས་ཚོགས་ནང་གསན་ཞིབ།
2013.02.26

༄༅༎ཕྱི་ཟླ་༢ཚེས་༢༦རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང༌།ལྷག་དོན་དུ་བོད་ནང་གི་རང་ལུས་མེར་སྲེག་དང་བོད་ནང་རྒྱ་ནག་གིས་འཛིན་པའི་དྲག་གནོན་གྱི་སྲིད་ཇུས།ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་མེད་པའི་དཀའ་ངལ་སོགས་ཀྱི་ཐད་སྙན་སེང་ཞུས་འདུག་ལ།ཁེ་ན་ཌའི་གཞུང་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པའི་གནས་ཚུལ་འདུག།