རྒྱ་ནག་རྒྱལ་ཡོངས་སུ་སྐྱེ་རྒུ་མདོའི་ས་ཡོམ་ནང་འཆི་མིར་མྱ་ངན།

རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེའི་ནང་རྐྱེན་འདས་སུ་ཕྱིན་པ་ཚོར་མྱ་ངན་གྱི་ཉིན་མོ་སྲུང་བརྩི།

2010.04.21

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེའི་ནང་རྐྱེན་འདས་སུ་ཕྱིན་པ་ཚོར་མྱ་ངན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད་

དེ་རིང་ཕྱི་ཚེས་༢༡ཉིན་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དང་ དེ་བཞིན་རྒྱ་ནག་གི་ས་གནས་ཚང་མའི་སྲིད་གཞུང་དང་ སློབ་གྲ་ཁག་ ཕྱི་རྒྱལ་ཡུལ་ཁག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་བསྒྲེངས་བཙུགས་བྱེད་བཞིན་པའི་རྒྱལ་དར་ཕྱེད་ཀ་ཕབ་ནས་ ས་ཡོམ་གྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་ཞུས་ཡོད་པ་རེད་ ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་འབོར་ཕྱིར་བསྒྲགས་བྱས་པའི་ནང་ སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེའི་ནང་མི་གྲངས་༢༠༦༤རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ ད་དུང་ཡང་མི་གྲངས་༡༧༥ཙམ་རྩལ་རྙེད་ཐུབ་མེད་ཅིང་ དེ་མིན་རྒྱ་ནག་གཞུང་གིས་དུས་ཡུན་གཟའ་འཁོར་གཅིག་རིང་ གཞུང་འབྲེལ་གྱི་སྤྲོ་སྐྱིད་རིགས་གཏོང་རྒྱུ་མཚམས་འཇོག་དགོས་པ་དང་ ཕྱོགས་མཚུངས་རྒྱ་ནག་གི་ཚགས་ཤོག་ཆེ་ཁག་དང་ དྲ་རྒྱའི་ཁ་བྱང་རྣམས་ཚོས་མདོག་དཀར་ནག་བེད་སྤྱོད་བྱས་ནས་ ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོར་མྱ་ངན་གུས་བཏུད་མཚོན་ཐབས་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་རེད་ རྒྱ་ནག་གཞུང་དང་གུང་ཁྲན་ཚོགས་པའི་དཔོན་རིགས་ཚོས་གཟའ་ལྷག་པའི་ཉིན་ས་ཡོམ་གྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་གྱི་འདུ་འཛོམས་ཚོགས་ཡོད་པ་དང་ མཚོ་སྔོན་ཞིང་ཆེན་གྱིས་ས་ཡོམ་གྱི་གནོད་འཚེའི་ནང་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ངག་བཅད་སྐར་མ་གསུམ་གྱི་མྱ་ངན་ཞུས་ཡོད་པ་དང་ སྐྱེ་རྒུ་མདོ་ས་གནས་ནང་མྱ་ངན་གྱི་འདུ་འཛོམས་ཐོག་མི་གྲངས་གསུམ སྟོང་ལྷག་མཉམ་ཞུགས་བྱས་ཡོད་འདུག་ལ་ ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་རོགས་རམ་གནང་བར་ཕེབས་པའི་དགེ་འདུན་པ་དང་ས་གནས་དགེ་འདུན་ཚོས་གཟའ་ལྷག་པའི་ཉིན་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གླིང་གེ་སར་རྒྱལ་པོའི་ཐང་ཆེན་ཞེས་པའི་ཐོག་འདུ་འཛོམས་ཀྱིས་འདས་པོ་ཚོའི་ཆེད་ཆོས་ཕྱོགས་ཀྱི་བྱེད་སྒོ་ཟབ་རྒྱས་སྤེལ་ཡོད་ཅིང་ རྒྱ་ནག་དབུས་བརྙན་འཕྲིན་གྱི་ལེ་ཚན་ཚང་མའི་ཐོག་ཚེས་༢༡ཉིན་རྒྱ་ནག་རྒྱལ་ཡོངས་སུ་ས་ཡོམ་གྱི་གནོད་འཚེའི་ནང་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་ཞུས་པའི་སྐོར་བཏོན་ཡོད་པ་དང་ དེ་བཞིན་ཕྱི་ཚེས་༢༠ཉིན་རྒྱ་ནག་དབུས་བརྙན་འཕྲིན་བརྒྱུད་ལམ་ཐོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་སྐྱེ་རྒུ་མདོ་ས་གནས་སུ་རོགས་དངུལ་ཞལ་འདེབས་ཀྱི་ལས་རིམ་གོ་སྒྲིག་བྱས་ཡོད་ཅིང་ ལས་རིམ་དེ་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁང་དང་ དམངས་སྲིད་ལས་ཁང་ བརྙན་འཕྲིན་རླུང་འཕྲིན་ལས་ཁང་ རྒྱ་ནག་རྒྱ་གྲམ་དམར་པོ་དང་ རྒྱ་ནག་རོགས་སྐྱོར་ཚོགས་པ་ཐུན་མོང་ཐོག་ནས་སྤེལ་ཡོད་པ་དང་ དུས་ཡུན་ཚོུད་གསུམ་ཙམ་གྱི་རོགས་དངུལ་བསྡུ་རུབ་བྱས་པའི་ནང་ཁྱོན་མི་མང་ཤོག་སྒོར་དུང་ཕྱུར་༢༡དང་ཚག་༧༥ཙམ་གྱི་ཞལ་འདེབས་བསྡུ་རུབ་ཐུབ་ལུགས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎