དབོན་པོ་དགོན་ནས་ཀིརྟི་དགོན་པའི་གྲྭ་པ་འཛིན་བཟུང་།
2012.10.22
དེ་ཡང་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྫ་ཆུ་ཁ་དབོན་པོ་དགོན་ནས་སྔ་ཕྱིར་གྲྭ་པ་ ༡༨ འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཐོག ཚེས་ ༢༢ ཉིན་ཡང་བསྐྱར་དབོན་པོ་དགོན་དུ་མཚན་ཉིད་སློབ་གཉེར་གནང་བཞིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ ༥ འཛིན་བཟུང་བཙན་ཁྲིད་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གྲྭ་བ་དེ་དག་ནི། གྲྭ་རྒྱལ་མཚན་དང་བློ་བཟང་བཙུན་པ། ལྷ་རྒྱལ། རྒྱ་མཚོ། ལྷ་འབུམ་བཅས་ཡིན་འདུག་ལ། ཉིན་དེ་ནས་ད་ལྟའི་བར་དགོན་པའི་གྲྭ་བ་ཙམ་མིན་པར། ཕྱི་ཚེས་ ༢༠ ཉིན་མི་སྐྱ་བློ་བཟང་ཕུན་ཚོགས་འབོད་པ་ཞིག་འཛིན་བཟུང་བྱས་ཏེ། ཁོང་དང་བོད་མི་ ༩ ས་ཆ་གཞན་དུ་ཁྲིད་ཡོད་འདུག