གྲྭ་པ་དྲུག་འཛིན་བཟུང་།


2013.02.19

༄༅།    །དེ་ཡང་ཕྱི་ཟླ་༢ཚེས་༡༠ཉིན་སྨར་ཁམས་རྫོང་སྤོམ་པ་ཤང༌། བྲག་རྡིབ་དགོན་པའི་དགེ་འདུན་པ་ཁག་ཅིག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕེབས་དགོས་པ་དང༌། བོད་ལ་རང་བཙན་དགོས་པ་སོགས་ཀྱི་སྐད་འབོད་གནང་སྟེ།    རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་དམག་མི་འཕོན་ཆེ་བཏང་སྟེ།    དགོན་པ་དང་གྲོང་པ་ཕན་ཚུན་འགྲོ་འོང་བྱ་ཡུལ་གྱི་འགྲོ་ལམ་རྣམས་བཀག་པ་དང༌། བྲག་རྡིབ་དགོན་པར་དྲག་གནོན་ཚབས་ཆེ་བྱས་ཏེ་དགོན་པའི་གྲྭ་པ་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་བོད་ཀྱི་བང་ཆེན་གསར་ཁང་ནས་གནས་ཚུལ་སྤེལ་འདུག འོན་ཀྱང་ད་ལྟ་ས་གནས་དེའི་ཁུལ་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེན་པོ་བྱེད་པའི་རྐྱེན་གྱིས་འཛིན་བཟུང་བཙན་ཁྲིད་བྱས་པའི་གྲྭ་པ་དྲུག་པོ་དེ་དག་གི་ཞིབ་ཕྲའི་གནས་ཚུལ་ཐོབ་རྒྱུར་འབྲེལ་ལམ་བྱེད་མ་ཐུབ་པར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསར་ཁང་དེས་གསུངས་འདུག སྨར་ཁམས་བྲག་རྡེབ་དགོན་པ་དེ་ནི་ཆོས་ལུགས་ས་སྐྱ་ཡིན་པ་དང༌། སྨར་ཁམས་ཁུལ་གྱི་དགོན་སྡེ་རྙིང་ཤོས་གྱི་གྲས་ཤིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎