བོད་དོན་རྒྱབ་སྐྱོར་བས་པེ་ཅིང་དུ་ངོ་རྒོལ་ལས་འགུལ་སྤེལ་བ།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

2008.08.09

༄༅༎བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་ཚེས་༩ ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རང་ཉིད་ཀྱི་ལུས་པོའི་སྟེང་བོད་ཀྱི་རྒྱལ་དར་གཡོགས་ནས་ཤི་བ་ལྟ་བུའི་རྣམ་པའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་བོད་མི་ཚོར་དྲག་གནོན་གྱི་རྡུང་རྡེགས་གཏོང་གི་ཡོད་པར་ངོ་རྒོལ་བྱས་ཡོད་པ་རེད། ངོ་རྒོལ་བྱས་ནས་སྐར་མ་བཅུ་ཙམ་གྱི་རྗེས་རྒྱ་ནག་ཉེན་རྟོག་པས་ངོ་རྒོལ་བ་ཚོ་འཇུ་བཟུང་བྱས་ཡོད་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲས་ཐོངས་ལྷག་སྒྲོན་ལགས་ཀྱིས་གསུངས་ན། བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱ་རྒྱུར་མཚམས་འཇོག་ཡོང་རྒྱུ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་ཞི་རྒྱ་ཆེན་པོ་སྤེལ་ནས་འཛམ་གླིང་མི་མང་ཚོར་རྒྱ་ནག་ནང་ཞི་བདེ་བརྟན་ལྷིང་ཡིན་པའི་རྣམ་པ་ཞིག་སྐྲུན་ཐབས་བྱེད་ཀྱི་ཡོད་ཀྱང་། བོད་ནང་གི་བོད་མི་ཚོ་ད་དུང་ཡང་རྒྱ་ནག་གཞུང་གི་དྲག་གནོན་འོག་གནས་མུས་ཡིན་པའི་དངོས་ཡོད་གནས་སྟངས་དེ་ཕྱི་ཕྱོགས་ནས་ཤེས་རྟོགས་ཡོང་རྒྱུའི་ཆེད་དུ་ཡིན་པ་གསུངས་བཞག ད་རེས་གཟའ་སྤེན་པ་ཚེས་༩ ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པར་ངོ་རྒོལ་བྱེད་མཁན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔ་པོ་དེ་དག་ཚང་མ་ནུབ་ཕྱོགས་ཀྱི་མི་རིགས་ཡིན་པ་དང༌། ཁོང་ཚོ་ཨ་རི་དང་ ཁེ་ན་ཌ་ ཇར་མ་ནི་བཅས་ཡུལ་གྲུ་ཁག་གི་མི་སེར་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎