མཚོ་སྔོན་གཏེར་ལམ་རྫོང་དུ་གངས་སྐྱོན་བྱུང་བའི་དཀའ་ངལ་འཕྲད་པ།


2015.02.26
མདོ་སྨད་གཏེར་ལམ་རྫོང་དུ་གངས་སྐྱོན་བྱུང་ཡུལ། ༢༠༡༥།༢།༢༥ མདོ་སྨད་གཏེར་ལམ་རྫོང་དུ་གངས་སྐྱོན་བྱུང་ཡུལ། ༢༠༡༥།༢།༢༥
ལྕགས་མོ་འཚོ། བོད་འབྱོར།

མདོ་སྨད་གཏེར་ལམ་རྫོང་དུ་བསྟུད་མར་ཉིན་ཁ་ཤས་ལ་ཁ་བ་ཆེན་པོ་བབས་ནས་ཕྱུགས་ཟོག་ལ་གངས་སྐྱོན་ཆེན་པོ་ཐེབས་ཡོད་པ་རེད།
འདི་གར་བོད་ནས་གནས་ཚུལ་འབྱོར་དོན། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་ནུབ་ཁུལ་གཏེར་ལམ་རྫོང་དུ་ཟླ་བ་འདིའི་སྤྱི་ཚེས་༢༣ནས་ཚེས་༢༥བར་གྱི་ཉིན་གསུམ་ལ་བསྟུན་མར་ཁ་བ་ཆེན་པོ་བབས་ནས་ཕྱུགས་ཟོག་མང་པོ་ཤི་སྐྱོན་བྱུང་ཡོད་པ་དང་། གངས་སྐྱོན་ཕོག་པ་ཚབས་ཆེ་ཤོས་དེ་གཏེར་ལམ་རྫོང་གི་རྒུ་རུ་ཡུལ་ཚོ་དང་། ཆུ་ཁོལ་ཡུལ་ཚོ་གཉིས་ཡིན་འདུག
ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན། གཏེར་ལམ་རྫོང་ཡོངས་ལ་ཆ་སྙོམས་གངས་ཀྱི་མཐུག་ཚད་སེན་ཊེ་མིས་ཌར་༡༠ཙམ་ཡོད་པ་དང་། དེ་བཞིན་རྒུ་རུ་ཡུལ་ཚོའི་འབྲོག་ཕྱོགས་སུ་གངས་ཀྱི་མཐུག་ཚད་སེན་ཊེ་མིས་ཌེར་༣༠ནས་༤༠བར་ཡིན་པས་ཕྱུགས་ཟོག་མང་པོ་གངས་འོག་ཏུ་ཤོར་ནས་ལེན་ཐུབ་ཀྱི་མེད་པ་རེད་འདུག ས་གནས་གཞུང་གིས་གཟན་རྩྭ་བསྐྱལ་ཡོང་སྟེ་ད་ལྟ་ཕྱུགས་ཟོག་མང་ཆེ་བ་ལྕགས་རའི་ནང་བཅུག་ནས་གཟན་རྩྭ་སྟེར་བཞིན་པ་འགྲེལ་བརྗོད་གནང་ཡོད། ཡང་ས་ཆ་ཁ་ཤས་སུ་གཞུང་གི་རོགས་སྐྱོར་ད་དུང་འབྱོར་མེད་པར་དཀའ་ངལ་ལ་འཕྲད་བཞིན་ཡོད་ཟེར།
དེ་བཞིན་མཚོ་སྔོན་གྱི་གཞུང་འབྲེལ་གསར་འགྱུར་ནང་བརྗོད་ན། གཏེར་ལམ་རྫོང་ཡོངས་ལ་འབྲོག་ཁྱིམ་ཉིས་སྟོང་ཙམ་གྱི་ཕྱུགས་ཟོག་འབུམ་ལྔ་ལྷག་ལ་གངས་སྐྱོན་ཐེབས་ཡོད་ལ། ད་ལྟ་ཕྱུགས་ཟོག་ཤི་བའི་གྲངས་ཀ་རྩིས་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། དེ་མིན་ས་གནས་ཀྱི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ནས་བརྗོད་ན། ཟླ་བ་འདིའི་ཚེས་༢༨བར་མུ་མཐུད་དུ་གངས་འབབ་རྒྱུ་རེད་ཟེར། མདོ་སྨད་གཏེར་ལམ་རྫོང་ལ་ཕྱི་ཕྱོགས་ནས་པཎ་ཆེན་ཤིང་སྡེ་ཞེས་འབོད་པ་དང་། རྫོང་དེར་ད་ལྟ་མི་གྲངས་འབུམ་གཅིག་ལྷག་ཡོད་ལ། སྤྱིར་བཏང་བོད་དང་སོག་པོ་གནས་སྡོད་ཀྱི་ཞིང་ཕྱུགས་གཉིས་ཀ་ཡོད་པའི་ས་གནས་ཤིག་ཡིན་ནའང་ད་ལྟ་མི་གྲངས་མང་ཤོས་དེ་རྒྱ་རིགས་ཆགས་ཡོད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎