རྒྱ་ནག་གི་ཉེན་རྟོག་པས་སོག་རྫོང་གི་བོད་མི་བཞི་འཛིན་བཟུང་།


2015.04.01

རྒྱ་ནག་གི་ཉེན་རྟོག་པས་སོག་རྫོང་གི་བོད་མི་བཞི་མཚན་མོར་གསང་བའི་ཐོག་ནས་འཛིན་བཟུང་བྱས་འདུག
དེ་ཡང་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། སོག་རྫོང་དན་ཙན་དགོན་པའི་དགེ་འདུན་པ་ཆོས་དཔལ་ཟླ་བ་དང་། འཇིགས་མེད་དབང་རྒྱལ། ཆོས་དགའ། དེ་བཞིན་མི་སྐྱ་རྡོ་རྗེ་གྲགས་པ་བཅས་བོད་མི་བཞི་པོ་ཕྱི་ཟླ་གསུམ་པའི་ཚེས་༢༨་ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་སོགས་གསལ་བཤད་གང་ཡང་བྱས་མེད་པ་རེད།
སྤྱི་ཟླ་༣ཚེས༢༠ཉིན་སོག་རྫོང་ཙན་དན་དགོན་གྱི་བློ་བཟང་ཟླ་བ་རྒྱ་གཞུང་ཉེན་རྟོག་པས་འཇུཇ་བཟུང་རྗེས་གར་ཡོད་ཅི་ཆགས་མ་ཤེས་པ་ཆགས་ཡོད་འདུག
དགེ་འདུན་པ་ཆོས་དཔལ་ཟླ་བ་ལགས་ནི་ཕྱི་ལོ་༢༠༡༠་ལོའི་ཕྱི་ཟླ་དང་པོ་ཚེས་༡༥་ཉིན་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ལོ་དེ་གའི་ཕྱི་ཟླ་༢་པའི་ཚེས་ཤར་ཙམ་ལ་གསང་བའི་ཐོག་ནས་དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་བཅད་མྱོང་ཡོད་འདུག ཁོང་ནི་དགུང་གྲངས་༢༧་ཙམ་ལ་ཕེབས་ཡོད་པ་དང་། སོག་རྫོང་གི་གཡག་ལ་ཡུལ་ཚོའི་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་པ་རེད། ཡང་དགེ་འདུན་པ་འཇིགས་མེད་དབང་རྒྱལ་ལགས་ནི་གཡག་ལ་ཡུལ་ཚོའི་མཁར་དམར་གྲོང་གི་གླ་རུ་བདེ་ཆེན་ཚང་གི་དགེ་འདུན་པ་ཆེ་གྲས་ཤིག་ཡིན་པ་དང་དགེ་འདུན་པ་ཆོས་དགའ་ལགས་དང་མི་སྐྱ་རྡོ་རྗེ་གྲགས་པ་ལགས་གཉིས་ནི་གཡག་ལ་ཡུལ་ཚོའི་གྲོང་ཚོ་དང་པོ་མི་ཉག་ཨ་བུ་ཚང་གི་བུ་ཡིན་པ་རེད།   
དེང་སྐབས་བོད་སྤྱི་དང་ལྷག་དོན་དུ་སོག་ཙན་དན་རྫོང་སོགས་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་ས་གནས་བོད་མི་ཕན་ཚུན་འབྲེལ་བ་བྱེད་དཀའ་བའི་གནས་སྟངས་འོག་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཁག་པོ་ཡོད་སྐོར་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་ཀྱང་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎