ཁྲན་ཞུའེ་བེན་གྱི་སྲས་ཆབ་སྲིད་ལས་དོན་ནང་ཞུགས་རྒྱུ།
2010.05.09
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲན་ཞུའེ་བེན་གྱི་སྲས་ཁྲན་ཁྲི་ཁྲུང་ཆབ་སྲིད་ནང་འཛུལ་ཞུགས་ཀྱིས་ཐའེ་ལྦན་རང་བཙན་བྱེད་རྒྱུའི་འཐབ་རྩོད་འཇུག་སྐྱོང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག༎
རང་ལོ་༣༡ལ་ཕེབས་པའི་ཁྲན་ཁྲི་ཁྲུང་གིས་ད་བར་སྲིད་དོན་ལ་དོ་སྣང་དེ་ཙམ་གནང་མེད་ཀྱང་ཁོང་གི་ཡབ་དང་སྲིད་འཛིན་ཟུར་པ་ཁྲན་ཞུའི་བེན་དང་སྐུ་ཟླ་གཉིས་ལ་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་སྐྱོན་འཛུགས་འོག་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དེར་མི་བཟོད་པ་དང་ རང་གི་ཨ་མས་སྐུལ་སློང་འོག་ད་ཆ་སྲིད་དོན་ནང་འཛུལ་ཞུགས་ཀྱིས་ཡམ་ཡུམ་གཉིས་ཀྱི་དགོངས་པ་བསྒྲུབ་རྒྱུར་འབད་བརྩོན་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་གྱིས་བཅར་འདྲི་ཞུ་རྒྱུའི་གོ་སྐབས་ཐོག་མ་དེར་ཁྲེན་ཁྲི་ཁྲུང་གིས་ ངས་ད་བར་སྲིད་དོན་པ་ཞིག་བྱེད་རྒྱུའི་བསལ་བློ་རྩ་བ་ནས་འཛིན་མེད་ཀྱང་གོ་མིན་ཏང་གཞུང་གིས་ངའི་ཕ་མ་གཉིས་ལ་དྲང་བདེན་རྩ་བ་ནས་བྱས་མེད་པར་བརྟེན་ད་ཆ་ཁོང་གཉིས་སྲུང་སྐྱོབ་བྱེད་རྒྱུ་ངས་ལན་འགན་ལ་ངོས་འཛིན་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ནང་འཛུལ་རྒྱུར་ཐག་གཅོད་བྱས་ཡོད་ལུགས་གསལ་བཤད་གནང་འདུག སྲིད་འཛིན་ཟུར་པ་སྟེང་ཞལ་གཉིས་བཙོན་འཇུག་བྱས་པ་ཉི་མ་༥༣༠ཡིན་ཡོད་རེད་ རྒྱ་ནག་དང་སེམས་ཉེ་བའི་གོ་མིང་ཏང་གཞུང་གིས་ཐའེ་ལྦན་རང་བཙན་བྱེད་རྒྱུའི་ལངས་ཕྱོགས་ལ་མི་དགའ་བའི་དགྲ་ཤ་ལེན་པ་ལྟ་བུར་སྲིད་འཛིན་ཟུར་པས་ངོས་འཛིན་གནང་མུས་ཡིན་པ་རེད་ སྲས་ཁྲན་ཁྲི་ཁྲུན་གྱིས་ངས་པ་ལགས་ཀྱིས་ལོ་བརྒྱད་རིང་སྲིད་འཛིན་གནང་བའི་རིང་ཐའེ་ལྦན་རང་བཙན་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཟུང་བ་དེ་གོ་མིང་ཏང་གཞུང་གིས་རྡོག་རོལ་བཏང་བ་རེད་ཅེས་བརྗོད་གནང་འདུག༎