བསོད་ནམས་དར་རྒྱས་ལགས་མི་ལོ་ལྔའི་རྗེས་བཙོན་གྲོལ་བྱུང་འདུག


2015.05.21
རྔ་སྟོད་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ༢༠༡༥།༢།༤ རྔ་སྟོད་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ༢༠༡༥།༢།༤
བོད་འབྱོར།

འཛམ་གླིང་ཞི་བདེའི་དར་ཆ་འཕྱར་བ་དང་འབྲེལ་བ་ཡོད་ཚུལ་གྱིས་རྒྱ་ནག་ཉེན་རྟོག་པས་བསོད་ནམས་དར་རྒྱས་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། མདོ་སྨད་རྔ་བ་སྒོ་མང་དགོན་པའི་ལྷ་སྡེ་བསུ་བ་སྡེ་བའི་རྩིས་པ་ཚང་གི་བུ་བསོད་ནམས་དར་རྒྱས་ལགས། ད་ལོའི་སྤྱི་ཟླ་༤བའི་ཟླ་མཇུག་ཡས་མས་སུ་མགོ་ལོག་པདྨ་རྫོང་ཐོག་ན་ཁོང་གི་ཚོང་ཁང་ཞིག་ཕྱེས་ཡོད་པ་དེའི་ཆེད་དུ། རྔ་བ་རྫོང་ལ་ཚོང་རྫས་ལེན་དུ་འབྱོར་བའི་སྐབས་སུ། རྔ་བ་རྫོང་གི་ཚོང་ར་ནས་ཉིན་དཀར་རྫོང་ངམ་ཁུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཁྲིད་ཡོད་པ་དང་། ད་ལྟ་ཉིན་གྲངས་ཉི་ཤུ་ལྷག་འགོར་ཡོད་ཀྱང་ད་དུང་གར་ཡོད་གྱི་གནས་ཚུལ་གསལ་བོ་ཞིག་གཏན་ནས་ཤེས་ཐུབ་མེད་པས་ཡུལ་མི་རྣམས་དང་། སྒོ་མང་དགོན་གྲྭ་ཚང་ཡོངས་ཀྱིས་སེམས་ཁྲལ་བྱེད་བཞིན་ཡོད་པ་མ་ཟད། སྒོ་མང་དགོན་པའི་གྲྭ་ཚང་ཡོངས་ཀྱིས་ཉིན་འགར་ཞབས་བརྟན་སྐུ་རིམ་ཡང་འཚོགས་ཡོད་པ་གསུང་ཡོད། གནས་ཚུལ་འདི་བྱུང་ནས་ཉིན་གྲངས་ཉི་ཤུ་ལྷག་འགོར་ནའང་ད་བར་ཕྱི་ལོག་ལ་འགྲེལ་བརྗོད་ཀྱི་གོ་སྐབས་མ་བྱུང་བ་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་སོང་།
བསོད་ནམས་དར་རྒྱས་ལགས་འཛིན་བཟུང་བྱེད་དོན་ནི་ད་ལོའི་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་བཞིའི་འཆམ་གྱི་ཉིན་དེར། འཛམ་གླིང་ཞི་བདེའི་དར་ཆའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ། སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གསུམ་ཀྱི་སྐུ་པར་འཕྱར་བའི་གནད་དོན་དང་འབྲེལ་བ་ཡོད་པར་དོག་གཞི་བྱེད་བཞིན་པ་བརྗོད་ཀྱིན་འདུག་ཅེས་གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་གནང་ཡོད།
ད་ལྟ་དགུང་ལོ་༢༥་ནས་༣༠བར་ཡིན་པའི་བསོད་ནམས་དར་རྒྱས་ལགས་ནི་རྔ་བ་རྫོང་བསུ་བ་སྡེ་བའི་མི་ཡིན་པ་དང་། ཨ་ཕའི་མིང་ལ་མཆོག་གོ་དང་ཨ་མའི་མིང་ལ་རི་ལུ། བཟའ་ཟླའི་མིང་ལ་དབྱངས་འཛོམས། ཁོང་དང་བཟའ་ཟླ་གཉིས་ཀྱིས་ནམ་རྒྱུན་མགོ་ལོག་པདྨ་རྫོང་ཐོག་ན་ཚོང་ཁང་ཞིག་ཕྱེས་ནས་ཡོད་པ་དང་། བྱིས་པ་གསུམ་ཡོད་འདུག ཁོང་གི་ཨ་ཕ་དང་ཉེ་འབྲེལ་ཚོས་ད་ལྟའི་བར་ཡར་མར་རྒྱུགས་ནས་བསོད་ནམས་དར་རྒྱས་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་རྩད་གཅོད་བྱེད་བཞིན་ཡོད་ཀྱང་ཤེས་རྟོགས་བྱུང་ཐུབ་མེད་ཟེར།
རྔ་བ་སྒོ་མང་དགོན་པ་ནི་རྔ་བ་རྫོང་ཐོག་ནས་རྒྱང་ཐག་སྤྱི་ལེ་༡༣ཙམ་གྱི་སར་ཆགས་ཡོད་པ་དང་། སྒོ་མང་ཡུལ་ཚོའི་ཁོངས་ཀྱི་དགོན་པའི་ལྷ་སྡེ་ཚོ་བ་དྲུག་ཡོད་པ་དང་། ལྷ་སྡེ་ཚོ་བ་ཚོས་ལོ་ལྟར་རེས་མོས་ཀྱིས་ཆོ་འཕྲུལ་སྨོན་ཆེན་མོའི་སྦྱིན་བདག་བྱེད་སྲོལ་ཡོད་པ་ལྟར། ད་ལོའི་ཆོ་འཕུལ་སྨོན་ལམ་ཆེན་མོའི་སྦྱིན་བདག་བསུ་བ་སྡེ་བར་འཁེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎