སྲིད་བྱུས་ལ་འགྱུར་བ་དགོས།


2013.03.26
རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ལྕམ་ Sophie Richardsonམཆོག
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་དྲ་གནས།

༄༅།    །འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་ངེས་སྟོན་པ་ལྕམ་Sophie Richardson ཡིས་རྒྱ་ནག་གཞུང་ལ། བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པའི་ལས་འགུལ་དེ་དག་མཚམས་འཇོགས་ཡོང་ཐབས་སུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་སྐོར་ནན་བརྗོད་གནང་བཞག    ཁ་སང་ཕྱི་ཚེས་༢༥ཉིན་བོད་མདོ་སྨད་བསང་ཆུ་རྗོང་དུ་ཤིང་ནགས་ལྟ་རྟོགས་ལས་བྱེད་པ་ལྷ་མོ་སྐྱབས་ལགས་ཀྱིས་རྒྱ་ནག་གིས་བོད་ཐོག་དབང་སྒྱུར་ལ་ངོ་རྒོལ་གནང་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་རྗེས། ད་བར་བོད་ནང་སྐུ་ལུས་མེར་སྲེག་གཏོང་གནང་མཁན་གྱི་གྲངས་ཚད་༡༡༡ལ་སླེབས་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་ངེས་སྟོན་པ་Sophie ཡིས་ བོད་པ་ཚོས་ཆོས་དད་རང་མོས་དང༌། རང་བཙན་ནམ་རང་སྲིད་རང་སྐྱོང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་རེ་བ་བྱས་ནས་རང་ལུས་མེར་སྲེག་གཏོང་བཞིན་པའི་བོད་ནང་གི་ཛ་དྲག་དཀའ་ངལ་དེ་དག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་ཐབས་ཤེས་བྱེད་ཀྱི་ཡོད་པའི་རྣམ་འགྱུར་ཙམ་ཡང་མེད་པ་དེར་སྐྱོན་བརྗོད་དང་འབྲེལ།  རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཁུལ་ས་ཞིང་བདག་དབང་གི་རྩོད་རྙོག་ཐད་རྒྱ་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཡོང་གི་ཡོད་པ་དེ་ཚོར་མཚམས་རེ་བསམ་ཞིབ་བྱེད་ཀྱི་ཡོད་པ་བཞིན། བོད་མིའི་བདེ་སྡུག་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པའི་རྟགས་མཚན་ཆུང་ཆུང་ཞིག་ཀྱང་མཐོང་རྒྱུ་མེད་པའི་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎