ལྷོ་ཨཕ་རི་ཀས་དྲག་པོའི་གཞུང་མང་པོར་གོ་མཚོན་མཁོ་སྤྲོད།
2011.04.10
༄༅༎ཨེ་ཨེཕ་པི་གསར་ལས་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན་ ཨཕ་རི་ཀའི་གླིང་ཕྲན་གྱི་གོ་མཚོན་ལག་ཆ་མང་ཤོས་ཕྱི་ཚོང་བྱེད་མཁན་ལྷོ་ཨཕ་རི་ཀས་འཛམ་གླིང་ནང་ཆེས་གདུག་རྩུབ་ཅན་གྱི་རྒྱལ་ཁབ་བཅུ་ནས་ལྔ་དང་ སྐྱོ་ཤོས་༢༥ནས་བཅུ་ལ་ཨ་རིའི་ཌོ་ལར་ས་ཡ་མང་པོ་གནས་པའི་གོ་མཚོན་ལག་ཆ་ཚོང་གི་ཡོད་པའི་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་ཡོད་འདུག དམངས་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཞེན་པའི་རྒྱལ་ཁབ་དེ་དག་ནི། ཨལ་ཇི་རི་ཡ་དང་ ཨ་ཛར་བྭའི་ཇན། བྭའེ་རེན། བྭུ་རུ་ནའི། རྒྱ་ནག། གིཎི་ཡ། གི་ཎི་ཡ་ བྭི་སའུ། ལི་བྭི་ཡ་། སའོ་རྡི་ཨ་རྭ་བྭི་ཡ། སི་རི་ཡ། ཀྲུ་ཎི་ཤི་ཡ་དང་ཡེ་མེན་བཅས་ཡིན་འདུག སྔ་ལོ་ལྷོ་ཨཕ་རི་ཀས་རྒྱལ་ཁབ་༧༥ལ་ཨ་རིའི་ཌོ་ལར་ཐེར་འབུམ་༣༥གནས་པའི་གོ་མཚོན་ལག་ཚོང་ཡོད་པ་དང་ དེའི་ནང་ནས་ཌོ་ལར་ཐེར་འབུམ་གཅིག་ལྷག་གི་གོ་མཚོན་ལག་ཆ་གདུག་རྩུབ་གྱི་རྒྱལ་ཁབ་ལ་ཚོང་ཡོད་ལུགས་གོང་ཞུས་སྙན་ཐོར་གསལ་ཡོད་འདུག།