ལྷོ་ཨཕ་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར།

བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་ཆེད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག

2012.06.16

༄༅༎ལྷོ་ཨ་ཕི་རི་ཁའི་སྲིད་དོན་ཚོགས་སྡེ་འདྲ་མིན་གྱི་ཚོགས་མི་ཚོས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་ཆེད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལྟར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་པས་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་ཀྱང༌། ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པས་ལས་འགུལ་སྔ་སྣུར་ཐོག་སྤེལ་ཡོད་འདུག །འོན་ཀྱང༌། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་སྐབས་ཀྱང་ ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཚོགས་འཐུས་མི་རྣམས་པས་་ དེ་ཉིན་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བོད་ཀྱི་གནད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎