ཀོ་རི་ཡ་ལྷོ་བྱང་དབར་ཞི་མོལ་གནང་རྒྱུར་མོས་མཐུན་བྱུང་བ།

ཀོ་རི་ཡ་ལྷོ་བྱང་གཉིས་པོས་ས་མཚམས་ཀྱི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་གྲོས་མོལ་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

2010.02.28

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཀོ་རི་ཡ་ལྷོ་བྱང་གཉིས་པོས་ས་མཚམས་ཀྱི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་གཟའ་འཁོར་འདིའི་ནང་གྲོས་མོལ་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

དེ་ཡང་ཀོ་རི་ཡ་ལྷོ་མའི་སྲུང་སྐྱོབ་བློན་ཆེན་གྱིས་གསུངས་པར། ཁོང་གི་གཞུང་ཕྱོགས་ནས་ཀོ་རི་ཡ་བྱང་མའི་གཞུང་གིས་གྲོས་མོལ་གནང་རྒྱུའི་རེ་འདུན་གནང་བ་དང་ལེན་གནང་སྟེ་ཡུལ་གྲུ་གཉིས་པོ་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱུང་ལུགས་འགྲེལ་བརྗོད་གནང་བ་དང། ད་རེས་ཀྱི་གྲོས་མོལ་དེའི་ནང་ལ་གཙོ་བོ། ཡུལ་གྲུ་གཉིས་བར་ལ་འགྲིམས་འགྲུལ་དང་ཁ་པར་སོགས་ཀྱི་འབྲེལ་མཐུད་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་སྔོན་དཔགས་གནང་གི་ཡོད་པ་མ་ཟད། དམིགས་བསལ་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་ཕྱི་འབྲེལ་བསྐྱར་གསོ་དང་གཞི་རྒྱ་ཆེ་རུ་གཏོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་ནི། བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་ཡོང་ཐབས་ཀྱི་ཐབས་ལམ་མེད་དུ་མི་རུང་བའི་བྱ་ཐབས་ཞིག་ཡིན་པ་རེད།

རེས་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་དམག་མིས། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་དཔུང་བཟུང་འབྲེལ་གྱི་དམག་སྩལ་སྦྱོང་བརྡར་བྱེད་རྒྱུ་འཆར་གཞི་ཡོད་པར་བརྟེན་ནས། ཀོ་རི་ཡ་ལྷོ་མ་དང་ཨ་མི་རི་ཀའི་དམག་དཔུང་གིས་བྱང་ཀོ་རི་ཡའི་ཐོག་རྒོལ་རྡུང་གཏོང་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། གཞི་རྩའི་ན་ནིང་ཕྱི་ཟླ་༡༡པའི་ནང་Yellow Seaའམ་མཚོ་གསེར་པོ་ཐོག་ལ་མེ་འཕེན་གྱི་དོན་རྐྱེན་བྱུང་སྟེ་ལྷོ་ཀོ་རི་ཡའི་དམག་མིས། བྱང་ཀོ་རི་ཡའི་མྱུལ་ཞིབ་ཀྱི་གྲུ་འཛིངས་ཞིག་རྩ་གཏོར་བཏང་བ་ནས་བཟུང། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་ས་མཚམས་ཀྱི་གནས་སྟངས་ཛ་དྲག་ཆེ་རུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎