སྙིང་ནད་ཀྱིས་འཆི་རྐྱེན་མང་ཤོས་ཀྱི་ས་ཁུལ།

ལྷོ་ཨི་ཤི་ཡའི་མངའ་ཁུལ་ནང་སྙིང་གི་ནད་གཞིས་མིའི་ཚེ་སྲོག་གཅོད་ཡས་ཀྱི་གྲངས་འབོར་མང་ཤོས་ཆགས་ཀྱི་ཡོད་འདུག

2011.02.09

༄༅༎འཛམ་གླིང་དངུལ་ཁང་གིས་དེ་རིང་གཟའ་ལྷག་པའི་ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་ ལྷོ་ཨི་ཤི་ཡའི་ཡུལ་ཁག་ནང་ སྙིང་གི་ནད་གཞི་དང་མངར་ཆའི་ནད་གཞི་ ཁྲག་ཤེད་མཐོ་བའི་ནད་གཞི་སོགས་ནི་མངའ་ཁུལ་དེ་དག་གི་མི་མང་ཚོའི་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་དང་ སྤྱིར་ལྷོ་ཨི་ཤི་ཡའི་ཡུལ་ཁག་གི་མིའི་ཚེ་ཚད་ཆ་སྙོམས་བྱས་ན་ ད་ལྟའི་ལོ་དྲུག་བཅུ་རེ་བཞི་ནས་འཕར་ཆ་ཕྱིན་ཡོད་ན་ཡང་ཡུལ་གྲུ་དེ་ཚོའི་ནང་ད་དུང་ཡང་འཕྲོད་བསྟེན་ལ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་ཅིང་ ནང་གཞི་མང་པོ་ཞིག་དུས་ཡུན་རིང་པོའི་སྨན་བཅོས་འཕྲོད་བསྟེན་དགོས་པ་དང་ ལྷག་པར་དུ་ཕྲུ་གུའི་དུས་ནས་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་ཀྱང་ཡུལ་གྲུ་དེ་དག་ནང་བཟའ་ཆའི་མཐུན་རྐྱེན་བཟང་པོ་མེད་པ་སོགས་ཀྱིས་སྙིང་གི་ནད་གཞི་ལྟ་བུའི་ནད་གཞི་མང་པོ་ཞིག་གིས་མིའི་ཚེ་སྲོག་ལ་གནོད་འཚེ་བཟོ་གི་ཡོད་པ་འཁོད་འདུག སྨན་པ་སྐུ་ཞབས་མའེ་ཀལ་ཨེན་གེལ་གའུ་ཡིས་གསུང་ན་ ལྷོ་ཨི་ཤི་ཡའི་ཡུལ་ཁག་གི་མི་མང་ཚོར་ཆུང་དུས་ནས་སྙིང་གི་ནད་གཞིའི་དཀའ་ངལ་ཡོད་པ་དེ་རིགས་བརྒྱུད་ནས་བྱུང་བ་ཡིན་ནམ་ ཡང་ན་ས་གནས་ཀྱི་ཁོར་ཡུག་སོགས་ཀྱི་ཐོག་ནས་བྱུང་བ་ཡིན་རྒྱུ་མཚན་ག་རེ་ཡིན་མིན་ད་ལྟའི་ཆར་གསལ་པོ་ཤེས་རྟོགས་མེད་པ་གསུང་འདུག ཡིན་ནའ་འཛམ་གླིང་དངུལ་ཁང་གིས་ཞིབ་འཇུག་བྱས་པའི་ནང་འཛམ་གླིང་ཡུལ་གྲུ་༥༢ནང་ནས་རྒྱ་གར་དང་ བང་ལ་དེ་ཤི་ བལ་ཡུལ་ པ་ཀི་སི་ཐན་  སི་རི་ལན་ཁ་བཅས་ནང་ སྙིང་གི་ནད་གཞི་ཕོག་ཡས་ཀྱི་ཆ་སྙོམས་ལོ་ཚད་དེ་བཞིན་ལོ་༥༣ཀྱི་གཡས་གཡོན་དུ་ཡིན་པ་དང་ ཡིན་ནའི་འཛམ་གླིང་ཡུལ་གྲུ་གཞན་ནང་ སྙིང་གི་ནད་གཞི་ཕོག་ཡས་ཀྱི་ཆ་སྙོམས་ལོ་ཚད་དེ་བཞིན་ལོ་༥༩ཙམ་ནས་འགོ་ཚུགས་ཀྱི་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎