ལྷོ་ཀོ་རི་ཡའི་དམག་སྦྱོང་གི་ལས་འཆར་ལ་འགྱུར་བ་མེད་པ།

ལྷོ་ཀོ་རི་ཡའི་ངོས་ནས་མཚོན་མདེལ་ངོ་མ་བེད་སྤྱོད་བྱ་རྒྱུའི་དམག་སྦྱོང་གི་ལས་འཆར་མདུན་བསྐྱོད་བྱ་རྒྱུ་ཡིན་པ་བརྗོད་འདུག

2010.12.18

༄༅༎བྱང་ཀོ་རི་ཡས་ཉེན་བརྡ་བཏང་མིན་ལ་མ་བལྟོས་པར་ལྷོ་ཀོ་རི་ཡའི་ངོས་ནས་མཚོན་མདེལ་ངོ་མ་བེད་སྤྱོད་བྱ་རྒྱུའི་དམག་སྦྱོང་གི་ལས་འཆར་མདུན་བསྐྱོད་བྱ་རྒྱུ་ཡིན་པ་གཟའ་སྤེན་པའི་ཉིན་ཀོ་རི་ཡ་ལྷོ་མའི་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་འདུག།

དེ་ཡང་ལྷོ་ཀོ་རི་ཡའི་ཡོན་ཧཔ་གསར་ལས་ཁང་གིས་ཀོ་རི་ཡ་ལྷོ་མའི་བདེ་སྲུང་མི་སྣས་བརྗོད་པའི་གནས་ཚུལ་ཞིག་ལུང་འདྲེན་བྱས་པའི་ནང་ཉིན་གྲངས་གཅིག་རིང་གི་མཚོན་མདེལ་ངོ་མའི་དམག་སྦྱོང་དེ་ཕྱི་ཟླ་༡༢ཚེས་༡༨ནས་༢༡གང་རུང་བར་བྱེད་སྲིད་པ་དང་ ཡང་གལ་ཏེ་གནམ་གཤིས་ཡག་པོ་མ་འབྱུང་ཚེ་དམག་སྦྱོང་དེ་གཟའ་འཁོར་གཅིག་བར་རྒྱང་སྲིད་པ་ཡིན་པ་བརྗོད་འདུག འོན་ཀྱང་གཟའ་པ་སངས་ཉིན་བྱང་ཀོ་རི་ཡས་གཞུང་གིས་གལ་ཏེ་ལྷོ་ཀོ་རི་ཡའི་མཚོ་དམག་དཔུང་སྡེས་བྱང་ཀོ་རི་ཡའི་བདག་དབང་དུ་ངོས་འཛིན་པའི་ཆུ་མཚམས་ཀྱི་ནང་མཚོན་མདེལ་འཕངས་པའི་གནས་ཚུལ་འབྱུང་ཚེ་ལྷོ་ཀོ་རི་ཡའི་ཐོག་གཏོར་རྒོལ་དེ་བས་ཚབས་ཆེ་རུ་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

ཟླ་བ་སྔོན་མར་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་མཚོ་གླིང་ཞིག་གི་ཐོག་མེ་སྒྱོག་གི་གཏོར་རྒོལ་བཏང་སྟེ་མི་བཞི་རྐྱེན་ལམ་དུ་བཏང་ཞིང་སྡོད་ཁང་བཅུ་ཕྲག་གཅིག་ལྷག་ལ་གཏོར་སྐྱོན་ཕོགས་ཡོད་པ་དང་ བྱང་ཀོ་རི་ཡའི་གཏོར་རྒོལ་དེ་ལྷོ་ཀོ་རི་ཡའི་མཚོ་དམག་དཔུང་སྡེས་མཚོན་མདེལ་གྱི་དམག་སྦྱོང་ཞིག་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

ཕྱི་ལོ་༡༩༥༠ཐམ་པ་ནས་༥༣བར་གྱི་ལྷོ་བྱང་ཀོ་རི་ཡའི་དམག་འཐབ་རྗེས་གཏན་འབེབས་བཟོས་པའི་རྒྱ་མཚོ་སེར་པོའི་ཆུ་མཚམས་ཀྱི་ས་ཐིག་ལ་བྱང་ཀོ་རི་ཡས་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད་ཡིཨོན་པིཡོང་དང་དེ་མིན་གྱི་མཚོ་གླིང་ཁག་གཅིག་གི་བདག་དབང་བྱང་ཀོ་རི་ཡ་རང་ཉིད་ལ་ཡོད་པ་བརྗོད་བཞིན་ཡོད་པ་རེད།

ལྷོ་བྱང་ཀོ་རི་ཡའི་དབར་གྱི་ཛ་དྲག་རང་བཞིན་ཅན་གྱི་གནས་སྟངས་དེ་ཞི་ཐབས་ཆེད་ཨ་མི་རི་ཀའི་ནིའུ་མེཀ་སི་ཀོའི་སྲིད་སྐྱོང་དེ་སྔོན་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་སྦིལ་རི་ཆརདྲ་སོན་བྱང་ཀོ་རི་ཡར་ཕེབས་ཐོན་གནང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་ ཁོང་གིས་ལྷོ་བྱང་ཀོ་རི་ཡའི་གནས་སྟངས་འདི་ནི་མེ་དཔུང་འབར་ལ་ཉེ་བ་ལྟ་བུ་ཞིག་ཡིན་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎