ནིའུ་ཛི་ལེནཌ་ས་ཡོམ་གོད་ཆག་ཕོག་པ་རྣམས་ལ་གསོལ་སྨོན།

༸གོང་ས་མཆོག་ནིའུ་ཛི་ལེནཌ་ནང་ས་ཡོམ་གོད་ཆག་ཕོག་མི་རྣམས་ལ་སྨོན་ལམ་གསོལ་འདེབས་འདུ་འཛོམས་གནང་བ།

2011.06.08

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེན་དྲིའི་གྲོང་ཁྱེར་ཀ་རའེ་སི་ཆརྖ་དུ་ཆིབས་བསྒྱུར་བསྐྱངས་ནས་། ༸གོང་ས་མཆོག་གིས་དབུ་ཞུགས་ཐོག།  འདི་ལོ་ཕྱི་ཟླ་༢པའི་ནང་ས་ཡོམས་ཀྱི་གོད་ཆག་ཚབས་ཆེ་ཕོག་པའི་གྲོང་ཁྱེར་དེའི་མི་མང་སྟོང་ཕྲག་མང་པོ་འདུས་པའི་གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་ཤིག་གནང་འདུག།

གསོལ་འདེབས་སྨོན་ལམ་གྱི་འདུ་འཛོམས་དེ་དབུ་འཛུགས་མ་གནང་གོང་༸གོང་ས་མཆོག་གིས་ཕྱི་ཟླ་གཉིས་པའི་ནང་གི་ས་ཡོམ་སྐབས་རྐྱེན་འདས་སུ་ཕྱིན་པའི་རྗེས་ཤུལ་ནང་མི་ཁག་ཅིག་ལ་མཇལ་ཁ་གནང་ནས་སེམས་སྡུག་བྱེད་བཞིན་པའི་ནང་མི་ཁག་ཅིག་ལ་སེམས་གསོ་གནང་ཡོད་པ་མ་ཟད། ཀ་རའེ་སི་ཆརྖ་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་པའི་ས་ཡོམ་སྐབས་རྨས་སྐྱོན་ཕོག་པའི་ནད་པ་ཁག་ཅིག་དང་ཁོང་ཚོར་ལྟ་རྟོགས་བྱེད་མཁན་སྨན་ཁང་གི་ལས་བྱེད་པ་ཚོ་ཐུགས་འཕྲད་གནང་བར་སྨན་ཁང་དུ་ཞབས་ཅག་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀ་རའེ་སི་ཆརྖ་གྲོང་ཁྱེར་གྱི་མང་ཚོགས་ལ། འདས་ཟིན་པའི་གནས་ཚུལ་ལ་སེམས་ཕྲལ་མ་བྱས་པར། མདུན་བསྐྱོད་བྱེད་དགོས་སྐོར་བཀའ་གནང་སྟེ། དཀའ་སྡུག་ལས་རྣམ་པར་རྒྱལ་སྟེ་མདུན་ལམ་བཟང་པོ་ཡོང་བའི་རེ་བ་རྒྱབ་དགོས་རྒྱུའི་ལམ་སྟོན་བཀའ་སློབ་གནང་བཞག།༸གོང་ས་མཆོག་ད་རེས་ཨོ་སི་ཀྲོ་ལི་ཡ་ཁུལ་ཉིན་གྲངས་བཅུའི་རིང་གི་ཆིབས་བསྒྱུར་མཛད་འཆར་ཡོད་པ་དང༌། ཨོ་སི་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་དབུ་འཛུགས་མ་གནང་གོང་ནིའུ་ཛི་ལེན་དྲིའི་གྲོང་ཁྱེར་ཀ་རའེ་སི་ཆརྖ་དུ་མང་ཚོགས་ལ་སེམས་བསོ་གནང་བར་ཕེབས་རྒྱུའི་ཐུགས་རེ་གནང་བ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎