ཨ་རིའི་བོད་དོན་འབྲེལ་མཐུད་པ་དང་མཇལ་འཕྲད།

ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་ལྕམ་མ་རིཡོ་ཨོ་ཊེ་རོ་མཆོག་དབར་མཇལ་མོལ་གནང་བ།

2012.10.21
ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་ལྕམ་མ་རིཡོ་ཨོ་ཊེ་རོ་མཆོག་དབར་མཇལ་མོལ་གནང་བ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎ཕྱི་ཟླ་༡༠་ཚེས་༡༩ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨ་མི་རི་ཀའི་གཞུང་གིས་བསྐོ་བཞག་གནང་བའི་བོད་དོན་ཐད་འབྲེལ་མཐུད་གནང་མཁན་དམིགས་བསལ་སྐུ་ཚབ་ཨ་རིའི ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་Mario Otero མཇལ་འཕྲད་ཞུས་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་ཨ་རི་གཞུང་གི་ཆེད་བཙུགས་གནང་པའི་བོད་དོན་ཐོག་འབྲེལ་མཐུད་གནང་མཁན་དམིགས་བསལ་སྐུ་ཚབ་ལྕམ་Mario Otero སྐབས་དེར་France རྒྱལ་ས་Paris ནང་ཡོ་རོབ་ཁུལ་གྱི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཚོར་ཨ་མི་རི་ཀའི་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་སྲིད་ཇུས་ཇི་ལྟར་འཛིན་གྱི་ཡོད་པའི་སྐོར་གསལ་བཤད་གནང་བར་ཕེབས་ཡོད་པར་བརྟེན་ཕྱི་ཟླ་བཅུ་པའི་ཚེས་༡༩ ཉིན་རྒྱལ་ས་Paris ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཁུལ་གྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ལྕམ་Mario Otero མཇལ་འཕྲད་ཞུས་ཡོད་པ་རེད། སྐབས་དེར་སྐལ་བཟང་རྒྱལ་མཚན་ལགས་ཀྱི་ལྷན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ལྷན་དུ་ཕེབས་ཏེ། དུས་ཡུན་ཚོུད་གཅིག་རིང་མཇལ་འཛོམས་བཀའ་མོལ་གནང་བའི་སྐབས། དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཡོ་རོབ་ཁུལ་གྱི་བོད་ཀྱི་གནད་དོན་དང༌། དཀའ་ངལ། གདོང་ལེན་བྱ་དགོས་པའི་གནད་དོན་རིམ་པ་མདོར་བསྡུས་ཤིག་སྙན་གསེང་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎