ཤྲི་ལང་ཀའི་གཞུང་གིས་ཊ་མིལ་གྱེན་ལོག་པར་དྲག་རྒོལ་བྱས་པ།

ཤྲི་ལང་ཀའི་ནང་གཞུང་གིས་ཊ་མིལ་སྟག་གྱེན་ལོག་པར་དྲག་རྒོལ་བྱེད་སྐབས་གྱེན་ལོག་པ་༡༥དང་གཞུང་གི་དམག་མི་གཉིས་རྐྱེན་ལམ་དུ་བཏང་ཡོད་འདུག

2008.06.15

༄༅༎ཤྲི་ལང་ཀའི་ནང་གཞུང་གིས་ཊ་མིལ་སྟག་གྱེན་ལོག་པར་དྲག་རྒོལ་བྱེད་སྐབས་ གྱེན་ལོག་པ་༡༥ དང་གཞུང་གི་དམག་མི་གཉིས་རྐྱེན་ལམ་དུ་བཏང་ཡོད་འདུག།

རེས་གཟའ་ཉི་མའི་ཉིན་ཡུལ་དེའི་བྱང་ཕྱོགས་ཀྱི་མུ་ལའི་ཏི་ལྦ་རྫོང་ཁུལ་གྱི་པུ་ཐུ་ཀི་རྡི་ཡི་རུཔུ་ཞེས་པའི་གྲོང་གསེབ་ནང་གྱེན་ལོག་པས་གོ་མཚོནལག་ཆ་གསོག་འཇོག་ཡུལ་ལྟེ་བ་ཞིག་ཆགས་ཡོད་པ་དེར་གཞུང་གིས་གནམ་ཐོག་ནས་དྲག་རྒོལ་གྱིས་མེར་བསྲེགས་བཏང་ཡོད་པ་མ་ཟད་ བྱང་ཕྱོགས་ཀྱི་ཁུལ་མ་ཎར་དང་ལྦེ་ལིའོ་ཡ་གཉིས་སུ་གནམ་ཐོག་ནས་དྲག་རྒོལ་གྱིས་གྱེན་ལོག་པ་༡༥་དང་གཞུང་གི་དམག་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་ལུགས་དམག་སྤྱི་ ཨུ་རྡ་ཡ་ ན་ན་ཡཁག་ཀ་ར་ ཡིས་འགྲེལ་བརྗོད་བྱས་འདུག འོན་ཀྱང་གྱེན་ལོག་པའི་མགྲིན་ཚབ་པ་ཞིག་གིས་དྲག་རྒོལ་ནང་ཡུལ་མི་གཉིས་རྐྱེན་ལམ་ཕྱིན་པ་མ་གཏོགས་དེ་མིན་གོད་ཆགས་བྱུང་ཡོད་པ་ངོས་ལེན་བྱས་མི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎