ལུམ་བི་ནི་ཡར་རྒྱས་གཏང་རྒྱུར་རོགས་རམ་གནང་རྒྱུ།
2017.06.11
༄༅༎བལ་ཡུལ་ནང་ཡོད་པའི་ཤྲི་ལང་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ཡུལ་གནས་མཆོག་ལུམ་བི་ནི་ཡར་རྒྱས་གཏོང་རྒྱུར་བལ་ཡུལ་ལ་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བཞག དེ་ཡང་ཁ་ས་རེས་གཟའ་སྤེན་པའི་ཕྱི་དྲོ་བལ་ཡུལ་གྱི་གྲོང་ཁྱེར་Maharajgunj ནང་ཡོད་པའི་ཤྲི་ལང་ཀའི་གཞུང་ཚབ་ཆེན་མོའི་ནང་ཆོས་རྒྱལ་Ashokaའམ་མྱ་ངན་མེད་ཀྱི་རྗེས་དྲན་མཛད་སྒོ་ཞིག་ཚོགས་པའི་སྐབས་ཤྲི་ལང་ཀའི་གཞུང་ཚབ་ཆེན་མོ་Pereira ལགས་ཀྱིས་ཤྲི་ལང་ཀ་དང་བལ་ཡུལ་ཀྱི་མཐུན་འབྲེལ་དམ་ཟབ་གནས་པའི་གཞི་རྩ་གཙོ་བོ་ཞིག་ནི་ནང་ཆོས་དེ་ཡིན་པ་དང་། འཛམ་གླིང་ཞི་བདེའི་ཆེད་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་རྒྱུ་གལ་ཆེན་པོ་ཡིན་ལུགས་ནན་བརྗོད་གནང་བཞག།གསར་འགོད་པ་ཚེ་དབང་དངོས་གྲུབ།