འཕྲལ་མར་དོན་སྙིང་ལྡན་པའི་བོད་རྒྱ་གྲོས་མོལ་གནང་དགོས།


2016.03.11
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi་མཆོག་ལ་གཟེངས་རྟགས་འབུལ་སྐབས། ༢༠༡༦།༢།༡༡ ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi་མཆོག་ལ་གཟེངས་རྟགས་འབུལ་སྐབས། ༢༠༡༦།༢།༡༡
ཀླུ་འབུམ/RFA

དེ་ཡང་ཨ་རི་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཁག་གཅིག་དང་། དེ་བཞིན་ཤར་ཡོ་རོབ་ཀྱི་ཡུལ་ཁག་གསུམ་གྱི་གྲོས་ཚོགས་འཐུས་མིས་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་གནང་པ་དང་སྦྲགས་རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་གང་མགྱོགས་སླར་གསོ་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi)་མཆོག་དང་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་Jim McGovernརྣམ་གཉིས་ཀྱིས། གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་བསྒྲགས་གཏམ་སྤེལ་ནས། རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་མཉམ་དུ་བོད་རྒྱའི་དཀའ་རྙོག་སེལ་བའི་གོ་སྐབས་ཡོད་པ་གཅེས་འཛིན་བྱེད་དགོས་པ་དང་། ཨ་རིའི་གཞུང་གིས་རྒྱ་ནག་མཉམ་བོད་ཀྱི་གནད་དོན་གཙོ་གནད་ལ་ངོས་འཛིན་གྱིས་བོད་དོན་ཐད་གླེང་སློང་བྱེད་དགོས་བའི་ནན་སྐུལ་བྱས་འདུག
དེ་བཞིན་ཁ་ས་ཚེས་༡༠ཉིན། Belgiumརྒྱལ་ས་Brusselsདུ་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Thomas Mannམཆོག་གིས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༧པ་སྲུང་བརྩི་དང་སྦྲགས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་སྔོན་ཚུད་ནས་རྒྱ་ནག་གཞུང་གིས་བོད་རང་སྐྱོངས་ལྗོང་ནང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་བཀག་བསྡོམས་ལ་སོགས་པའི་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་སྲོལ་ཡོད་པ་དེར་བློ་འཚབ་དང་ཆབས་ཅིག་ཉེ་ལམ་བོད་ཕྱི་ནང་གཉིས་སུ་ལོ་ཆུང་སྐལ་བཟང་དབང་འདུས་ལགས་དང་། རྡོ་རྗེ་ཚེ་རིང་ལགས་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་བསྲེགས་གནང་པར་ ཁོང་རྣམས་གཉིས་ཀྱི་རྗེས་ཤུལ་ནང་ནང་མ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་པ་གསུངས་འདུག
ལྷག་པར་དུ་སྔ་ལོ་རྒྱ་ནག་གཞུང་ནས་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་གྱི་ཁྲིམས་གཞི་གསར་པ་བཀོད་བསྡོམས་བྱས་ཡོད་པ་དེས་བོད་མིའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་ཀྱི་རང་དབང་བཅས་ལ་བརྩི་མེད་རྡོག་རོལ་གྱི་ལག་ཆ་ལྟ་བུར་འགྱུར་ཉེན་ཆེ་བའི་བློ་འཚབ་ཆེན་པོ་ཡོད་པ་ནན་བརྗོད་གནང་འདུག
Belgium་རྒྱལ་ས་Brusselsརུ་ཁ་ས་གསུམ་བཅུའི་དུས་དྲན་ཉིན་ Belgiumབོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་རིག་གཞུང་ལྟེ་གནས་ཁང་། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་སྡེ་ཁག་ཟུང་འབྲེལ་གོ་སྒྲིག་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་༢༥༠ལྷག་ནས་ཡོ་རོབ་གྲོས་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱིས་མདུན་ཐང་དུ་འདུ་འཛོམས་ཀྱིས། བོད་མིའི་རང་དབང་འཐབ་རྩོད་ཆེད་རྒྱལ་གཅེས་དཔའ་བོ་དམའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་བཏུད་དང་སྦྲགས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་དྲན་གསོའི་སྲུང་བརྩི་ཞུས་གནང་འདུག
དེ་བཞིན་ཡང་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་Estoniaདང་། Latvia Lithunia བཅས་ཀྱིས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཐུན་མོང་ཐོག་ བསྒྲགས་གཏམ་ཞིག་སྤེལ་ནས། བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་རང་ལུས་མེར་སྲེག་བསྟུད་མར་ཡོང་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་ཡོད་པ་གསལ་འདོན་གནང་པ་དང་སྦྲགས་རྒྱ་ནག་གཞུང་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་འཕྲལ་མར་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་གནང་དགོས་པའི་ལྐུལ་ལྕགས་གནང་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎