བོད་ནང་བོད་མི་ཁག་ཅིག་ལ་ལོ་༣ནས་༡༣བར་ཁྲིམས་ཐག
2012.03.23
༄༅༎ལོ་འདིའི་འགོ་སྟོད་དུ་བོད་ཀྱི་ཟི་ཁྲོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ལ་བོད་མིས་ངོ་རྒོལ་བྱས་པའི་སྐབས་ཉེན་རྟོག་མི་སྣ་དང་། བོད་མིའི་དབར་འཁོན་འཁྲུག་བྱུང་ནས་བོད་མི་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་ནས་ཁག་ཅིག་ལ་ཉེ་ཆར་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་ཤིན་ལྦ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་ཁྲིམས་ཁང་ནས་བོད་མི་བཅུ་གཅིག་ཙམ་ལ་ལོ་གསུམ་ནས་བཅུ་གསུམ་བར་གྱི་བཙོན་བཅུག་གི་ཉེས་ཆད་བཀལ་ཡོད་པའི་ཁོངས་སུ་དཔལ་སྒྲོལ་དང་། གཞན་མི་དྲུག་ནས་ཆ་སྒོ་ས་གནས་སུ་ཚོང་ཁང་དང་། ཉེན་རྟོག་ལས་ཁུངས་བཅས་པར་རྡོ་ཞུད་པ་དང་། བཅག་ལྕོག་བྱས་ནས་རྐུ་འཁྱེར་བྱས་པ་སོགས་ཚུལ་མིན་དང་སྤྱི་ཚོགས་ཀྱི་གཏན་ལྷིང་ལ་གནོད་སྐྱོན་བཏང་ཡོད་པའི་ཉེས་བཙུགས་བྱས་ཡོད་འདུག ཡང་ཚེ་དབྱངས་དང་། གཞན་གསུམ་ནས་སེར་ཐར་ཁུལ་དུ་གཞུང་གི་ལས་བྱེད་ཀྱི་ལས་ཀར་ཐེ་བྱུས་བྱས་པའི་ནག་ཉེས་འོག་ཁྲིམས་ཐག་བཅད་ཡོད་འདུག།