བོད་དོན་རྒྱབ་སྐྱོར་མཚོན་པའི་གཞས་ཀྱི་འཁོར་ཐག་འདོན་རྒྱུ།

འཛམ་གླིང་ནང་སྙན་གྲགས་ཅན་གྱི་གཞས་པ་གྲགས་ཁག་གཅིག་གིས་བོད་དོན་རྒྱབ་སྐྱོར་ཆེད་བཏང་པའི་གཞས་ཀྱི་འཁོར་ཐག་འགྲེམས་སྤེལ་བྱེད་རྒྱུ།

2008.07.22

༄༅༎འཛམ་གླིང་ནང་ཧ་ཅང་སྙན་གྲགས་ལྡན་པའི་གཞས་པ་གྲགས་ཅན་ སི་ཀྲིང་ དང་ ཌེལྦ་མེ་ཐིའུསི་ ལ་སོགས་པ་ཁག་གཅིག་གིས་ བོད་དོན་རྒྱབ་སྐྱོར་ཆེད་བཏང་པའི་གཞས་ཀྱི་འཁོར་ཐག་ཅིག་ པེ་ཅིང་དུ་ཨོ་ལིམ་པིག་མ་ཚུགས་སྔོན་ཙམ་ལ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

བོད་ཀྱི་ཆེད་གླུ་གཞས་ཞེས་མིང་སྦྱང་དུ་འཁོད་པའི་འཁོར་ཐག་དེའི་ནང་ གཞས་པ་ མོ་སྦི་ དང་ ཨེ་ལ་ནིསི་མོ་རི་སེཏ་ ཇོན་མེ་ཡར་ དང་ སུའུ་ཛེན་ལྦེ་ག སོགས་ནས་ཀྱང་གླུ་གཞས་ལེན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག

གླུ་གཞས་འཁོར་ཐག་བཟོ་བསྐྲུན་གྱི་ལས་དོན་དང་འབྲེལ་བ་ཡོད་པ་ མའེ་ཀལ་ལྦོལ་ གྱིས་ གླུ་གཞས་འཁོར་ཐག་དེའི་དམིགས་ཡུལ་གཙོ་བོ་ནི་ འཛམ་གླིང་ཐོག་བོད་ཀྱི་རིག་གཞུང་གི་བྱས་རྗེས་གསལ་བཤད་དང་ ད་ལྟའི་དུས་སྐབས་འདིར་བོད་མི་དམངས་ལ་འཕྲད་བཞིན་པའི་དཀའ་ངལ་བཅས་ངོ་སྤྲོད་བྱེད་པ་བརྒྱུད་ མི་ཚོས་བོད་ཀྱི་གནད་དོན་འདི་གལ་འགངས་ཆེན་པོ་ཞིག་ཡིན་པ་ངོས་འཛིན་ཡོང་ཐབས་ཆེད་ཡིན་པ་འགྲེལ་བརྗོད་གནང་འདུག

འཁོར་ཐག་འདི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ ཨའེ་ཀྲིའུན་སི་ བརྒྱུད་ཕྱི་ཟླ་བརྒྱད་པའི་ཚེས་ ༥ ཉིན་བརྒྱུད་བསྒྲགས་བྱ་རྒྱུ་ཡིན་འདུག་པ་དང་ དེ་ནས་གཟའ་འཁོར་གཅིག་གི་རྗེས་ཚོང་ཁང་སོགས་ནང་ཉོ་སྒྲུབ་ཐུབ་རྒྱུ་ཡིན་འདུག

ཞི་བདེའི་སྒྱུ་རྩལ་ཐེབས་རྩ་ལས་ཁང་གི་འགན་འཛིན་སྐུ་ཞབས་ མའེ་ཀལ་ལྦོལ་གྱིས་འཁོར་ཐག་འདི་ཨོ་ལིམ་པིག་གི་སྒོ་འབྱེའི་དུས་སྟོན་གྱི་ཉིན་གྲངས་གསུམ་སྔོན་འགྲེམས་སྟོན་བྱ་རྒྱུའི་དུས་ཚོད་དེ་ནི་ཆེད་མངགས་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་ཡོང་ཐབས་སུ་གཏན་འཁེལ་བྱས་པ་ཞིག་ཡིན་པ་ཡང་འགྲེལ་བརྗོད་གནང་འདུག

ཁོང་གིས་ཕྱི་ཟླ་བརྒྱད་པའི་ནང་ འཛམ་གླིང་གི་དོ་སྣང་དེ་རྒྱ་ནག་ཐོག་ཧ་ཅང་ཆེན་པོ་བྱེད་པའི་དུས་ཚོད་དང་བསྟུན་ གླུ་གཞས་བརྒྱུད་བོད་ཀྱི་ཞི་བདེའི་རིག་གཞུང་དེ་ཁྱབ་སྤེལ་གྱིས་གཞས་པ་གྲགས་ཅན་འདི་དག་གིས་བོད་དོན་ཐད་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་འདོན་ཐབས་བྱ་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎