ལྐོག་ཟའི་བྱ་སྤྱོད་ནི་འཚེ་བའི་བྱ་སྤྱོད་ཡིན་པ་བཀའ་གནང་འདུག


2015.02.10
༧གོང་ས་མཆོག་ནོར་ཝེ་ཡུལ་གྱི་རྒྱལ་སྤྱིའི་སློབ་ཕྲུག་དུས་སྟོན་སྐབས། ༢༠༡༥།༢།༩ ༧གོང་ས་མཆོག་ནོར་ཝེ་ཡུལ་གྱི་རྒྱལ་སྤྱིའི་སློབ་ཕྲུག་དུས་སྟོན་སྐབས། ༢༠༡༥།༢།༩
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་ནོར་ཝེ་ཡུལ་གྱི་མཛད་འཕྲིན་འགྲུབ་ནས་ཌེན་མརཀ་རུ་ཞབས་སོར་འཁོད་གནང་གྲུབ་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་དགུ་ཉིན་ནོར་ཝེའི་གྲོང་ཁྱེར་Trondheimརུ་ཁུལ་དེར་ཚུགས་བཞིན་པའི་རྒྱལ་སྤྱིའི་སློབ་ཕྲུག་དུས་སྟོན་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་མཛད་པ་དང་། ལོ་ངོ་སྟོང་ཕྲག་གཅིག་ཙམ་གྱི་གོང་གྲོང་ཁྱེར་འདི་ནི་ནོར་ཝེའི་རྒྱལ་ས་ཡིན་པ་དང་། འཛམ་གླིང་ནང་སློབ་ཕྲུག་གི་དུས་སྟོན་མི་འདྲ་བ་མང་པོ་ཚུགས་སྲོལ་ཡོད་ན་ཡང་Trondheimནང་ཚུགས་པ་འདི་ཆེ་ཤོས་དེ་ཡིན་འདུག འདི་ལོའི་རྒྱལ་སྤྱིའི་སློབ་ཕྲུག་དུས་སྟོན་གྱི་ཚོགས་འདུ་དེའི་བརྗོད་གཞི་ནི། ལྐོག་ཟའི་གནད་དོན་སྐོར་ཡིན་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་མཆོག་གིས་ལྐོག་ཟའི་བྱ་སྤྱོད་ནི་འཚེ་བའི་བྱ་སྤྱོད་ཅིག་ཡིན་པ་བཀའ་གནང་པ་དང་། རྒྱུ་མཚན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བྱ་སྤྱོད་དེས་མི་གཞན་གྱི་ཐོབ་ཐང་འཕྲོག་ཅིང་། གཞན་གྱི་སེམས་ལ་གནོད་པའི་བྱ་སྤྱོད་ཅིག་ཡིན་པ་འགྲེལ་བརྗོད་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཆིག་སྟོང་བརྒྱད་བརྒྱ་བརྒལ་བར་བཀའ་སློབ་སྩལ་གནང་མཛད་སྐབས། གལ་ཏེ་མི་སྒེར་རེ་རེའི་ངོས་ནས་རང་ཉིད་མི་གཞན་དང་གཅིག་མཚུངས་ཡིན་པ་དང་། གཞན་བདེ་བ་དོན་གཉེར་གྱི་བསམ་བློ་ཞིག་དང་ལྡན་ཚེ་ལྐོག་ཟ་ལ་སོགས་པ་འཚེ་བའི་བྱ་སྤྱོད་དེ་རིགས་ཡོང་ཐབས་མེད་པ་ཞིག་ཡིན་པ་བཀའ་གནང་འདུག སློབ་ཕྲུག་༡༨༠༠ འི་ཁོངས་ནས་༥༠༠ཙམ་ནོར་ཝེ་ཕྱི་ལོག་གི་ཡུལ་གྲུ་ཁག་ནས་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བ་དང་། བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་ཞིང་། དེ་ལྟར་འབྱུང་བར་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་ངེས་པར་དུ་ནང་སེམས་ཀྱི་བྱམས་པ་དང་བརྩེ་སེམས། གཞན་ཕན་ལྷག་བསམ་ལ་སོགས་པའི་རིན་ཐང་ངོ་སྤྲོད་ཀྱི་སློབ་གསོ་ངེས་པར་སྤྲོད་ཐུབ་པ་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེ་ནས་དེ་རིང་ཕྱི་ཚེས་༡༠ཉིན་ཌེན་མརཀ་རུ་ཞབས་སོར་འཁོད་ནང་གྲུབ་ཅིང་། ཕྱི་ཚེས་༡༡ཉིན་ཌེན་མརཀ་གྱི་རྒྱལ་ས་ཀོ་པེན་ཧེ་གྷན་རུ་བྱམས་བརྩེ་དང་འབྲེལ་བའི་ནུས་པ་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། ཕྱི་ཚེས་༡༢ཉིན་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎