ཆབ་ཆའི་སློབ་མ་ཁག་གཅིག་ལ་ཁྲིམས་བཤེར།

མཚོ་ལྷོ་ཁུལ་གྱི་སློབ་མ་ཁག་གཅིག་ལ་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་ཁང་མདུན་བོད་མི་མང་པོ་འཛོམས་རྗེས་ཐག་གཅོད་གང་བྱས་ཕྱི་བསྒྲགས་བྱས་མེད་པ་རེད།

2013.02.01

དེ་ཡང་བོད་ནས་འདི་ག་རླུང་འཔྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཚེས་༡ཉིན་མཚོ་ལྷོ་ཁུལ་ཐོག་གི་འབྲེལ་ཡོད་རྒྱ་ནག་གི་ཁྲིམས་ཁང་ནས་བོད་རིགས་སློབ་མ་ཁག་གཅིག་ལ་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་ར་ཚོགས་སར་ཁྲིམས་བཤེར་བྱེད་སའི་བོད་མི་ཁོང་ཚོའི་འབྲེལ་ཡོད་ནང་མི་གཉིས་ལས་ཁྲིམས་ཁང་ལ་ཡོང་མི་ཆོག་པའི་བཀག་འགོག་བྱས་ཡོད་འདུག འོན་ཀྱང་གནས་ཚུལ་དེ་ས་གནས་བོད་མི་ཚོས་ཤེས་རྟོགས་བྱུང་འཕྲལ་མཚོ་ལྷོ་ཁུལ་ཁོངས་སུ་ཡོད་པའི་རྫོང་ཁག་ལྔའི་བོད་མི་མང་པོ་ཁུལ་ཐོག་གི་ཁྲིམས་ཁང་མདུན་འཛོམས་པ་དང་། བོད་མི་ཁོང་ཚོར་ཁྲིམས་ཐག་བཅད་པ་ཡིན་ན་མི་འདོད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་རྣམ་པ་བསྟན་པ་སོགས་བྱས་ཡོད་འདུག དེར་བརྟེན་ཆུ་ཚོད་ཁ་ཤས་ལ་ཁྲིམས་ར་ཚོགས་རྗེས་ཐག་གཅོད་གང་བྱུང་གསལ་བོ་མེད་པར་ཁྲིམས་ར་གྲོལ་ཡོད་པ་དང་། བཤད་པ་ལྟར་ན་རྗེས་མ་བསྐྱར་དུ་ཁྲིམས་ར་ཚོགས་རྒྱུ་ཡིན་པ་བཤད་ཡོད་འདུག

ཆབ་ཆའི་སློབ་མ་ཁག་གཅིག་ལ་ཁྲིམས་བཤེར།

ཉེ་བའི་ལོ་སྔོན་མའི་ཟླ་༡༡་པའི་ནང་མཚོ་ལྷོ་ཁུལ་ས་གནས་རྒྱ་གཞུང་གིས་༼མཚོ་ལྷོ་ཁུལ་གྱི་མིག་སྔའི་ལྟ་ཚུལ་འཛིན་སྟངས་བཅུ༽ཞེས་བོད་ཀྱི་སྐད་དང་ཡི་གེ་ཁོ་ན་གཙིགས་འཛིན་བྱས་ན་མདུན་ལམ་ཆེན་པོ་མེད་ཚུལ་དང་། རང་ལུས་མེར་བསྲེགས་ནི་བླུན་སྤྱོད་ཅིག་ཡིན་སྐོར་བརྗོད་དེ་བོད་མི་རང་ལུས་མེ་བསྲེགས་གཏོང་མཁན་ཚོར་དམའ་འབེབས་བྱས་པའི་ཡིག་ཆ་སློབ་གྲྭ་ཁག་ནང་འགྲེམས་བསྒྲགས་བྱས་པར་མཚོ་ལྷོ་ཆབ་ཆ་དང་། རྨ་ལྷོ་རེབ་གོང་སོགས་ཀྱི་བོད་རིགས་སློབ་མ་སྟོང་ཕྲག་ལ་ཉེ་བས་མི་རིགས་འདྲ་མཉམ་དང་། སྐད་ཡིག་རང་དབང་སོགས་ཀྱི་འབོད་ཚིག་བསྒྲགས་ཞོར་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་ཉེན་རྟོག་པས་སློབ་མ་ཚོར་གཅར་རྡུང་དང་། འཛིན་བཟུང་བྱས་བ་མ་ཟད། རྗེས་སུ་སློབ་མ་རབ་བརྟན་དང་། དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་སོགས་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎