རྒྱ་གར་དུ་ངལ་རྩོལ་བའི་གྲངས་འབོར་མང་དུ་ཕྱིན་པ།

རྒྱ་གར་ནང་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོར་ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ས་ཡ་༡༡༠འཕར་སྣོན་ཡོང་རྒྱུ་ཡིན་པ་གནད་དོན་ཉམས་ཞིབ་གནང་བ།

2010.07.28

༄༅༎རྒྱ་གར་ནང་མ་འོངས་ལོ་ངོ་བཅུའི་ནང་ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་རྒྱུ་དང་ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོར་ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ས་ཡ་༡༡༠འཕར་སྣོན་ཡོང་རྒྱུ་ཡིན་པ་གནད་དོན་ཉམས་ཞིབ་གནང་མཁན་གྱིས་གསུང་གི་ཡོད་པ་Goldman Sachsཞེས་པས་ཉམས་ཞིབ་ཚན་པས་དེ་རིང་གཟའ་ལྷག་པའི་ཉིན་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་རེད་

སྙན་ཐོ་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ངལ་རྩོལ་ལྷན་ཁང་གིས་བཏོན་པའི་མ་འོངས་ལོ་ངོ་བཅུའི་ནང་འཛམ་གླིང་ཡུལ་ཁག་ནང་ ངལ་རྩོལ་རྒྱུགས་མཁན་ལས་མིའི་དགོས་མཁོ་ཇི་འཕར་འགྲོ་རྒྱུའི་ལས་དོན་སྙན་ཐོ་གཞིར་བཟུང་བཏོན་པ་ཞིག་ཡིན་པ་དང་ སྙན་ཐོ་དེའི་ནང་ ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་དེ་དག་ལ་ལས་ཀ་འཐོབ་ཕྱིར་ངལ་རྩོལ་གྱི་ཁྲིམས་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་དང་འབྲེལ་ ཡུལ་དེའི་ནང་མ་རྩ་འཕོན་ཆེ་བཙུགས་ནས་སློབ་གསོའི་བྱ་ཞག་དང་ སྦྱོང་རྡར་གྱི་ལས་གཞི་ཁག་སྤེལ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་་བཀོད་ཡོད་པ་དང་ སྙན་ཐོ་དེའི་ནང་ད་ལྟ་ནས་ཕྱི་ལོ་ཉིས་སྟོང་སུམ་ཅུ་བར་ རྒྱ་གར་གྱི་ནང་ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ས་ཡ་༢༡༠བར་འཕེལ་རྒྱུ་ཡིན་པ་བཀོད་འདུག

རྒྱ་གར་ནང་ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་ཡི་ཡོད་པ་ནི་ གཙོ་བོ་ངལ་རྩོལ་བའི་ལོ་ཚད་མཐོ་རུ་ཕྱིན་པ་དང་ དེ་བཞིན་བེུད་མང་པོ་ཞིགངལ་རྩོལ་བྱེད་མཁན་གྱི་ཁོངས་སུ་ཞུགས་ཀྱི་ཡོད་པ་སོགས་ཀྱིས་ངལ་རྩོལ་བའི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ་སྙན་ཐོ་དེའི་ནང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎