རྒྱ་གར་ནང་ལས་བྱེད་པའི་གླ་ཕོགས་བརྒྱ་ཆ་༡༣འཕར་ངེས།

འདི་ལོ་༢༠༡༡ལོར་རྒྱ་གར་གྱི་ཁེ་ལས་དང་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པ་ཚོའི་གླ་ཕོག་བརྒྱ་ཆ་༡༣ཙམ་གྱི་ཕར་གནོན་འགྲོ་ངེས་ཡིན་པ།

2011.03.08

༄༅༎རེས་གཟའ་མིག་མར་ཉིན་ཨེཨོན་ཧིའུ་ལྦིཏ་ཞེས་པའི་ཚོང་དོན་ཉམས་ཞིབ་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་ཡུལ་ཁག་གི་དཔལ་འབྱོར་འཕེལ་ཚད་དང་བཟོ་ཚོང་ལས་ཁང་ཁག་གི་མཐུན་སྦྱོར་གྱི་གནས་བབས་སྐོར་ཞིབ་འཇུག་གི་སྔོན་དཔག་འདོན་བྱས་པའི་ནང་ འདས་པའི་༢༠༡༠ལོར་རྒྱ་གར་གྱི་བཟོ་ཚོང་ལས་ཁང་དང་ཁེ་ལས་ཁག་གི་ཕྱི་འབྲེལ་གྱི་ཚོང་འབྲེལ་ཙམ་མ་ཟད་རྒྱལ་ཁབ་ནང་ཁུལ་དུ་ཚོང་ལས་རྒྱ་ཆེར་སོང་བའི་དབང་གིས་ལས་བྱེད་པའི་གླ་ཕོགས་ཡང་བརྒྱ་ཆ་༡༣ཙམ་གྱི་འཕར་ཆ་སོང་སྟེ་རྒྱལ་སྤྱིའི་ཡུལ་ཁག་ཁོངས་ནས་ཕར་ཆའི་ཚད་གཞི་མཐོ་ཤོས་འགྲོ་ངེས་ཡིན་པའི་སྐོར་སྔོན་དཔག་བྱས་ཡོད་པ་རེད་ 

རྒྱ་གར་ནང་བཟོ་ཚོང་ལས་ཁང་དང་ཚོང་ལས་སྡེ་ཚན་གྱི་ལས་བྱེད་པའི་གླ་ཕོགས་དེ་ལྟ་བུའི་ཕར་གནོན་འགྲོ་བའི་རྒྱུ་མཚན་ཇེ་མང་ཡོད་པ་ནས་ གཙོ་བོ་༢༠༡༡ལོར་རྒྱལ་ཁབ་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རིམ་གྱི་ཚད་གཞི་བརྒྱ་ཆ་༩ཙམ་སླེབས་རྒྱུའི་གདེངས་ཚོད་དང་གཅིག་ ཡང་མྱུར་ཚད་མཐོ་བའི་དཔལ་འབྱོར་འཕེལ་རིམ་གྱི་གནས་སྟངས་འོག་བཟོ་ཚོང་ལས་ཁང་ཁག་ལ་ཤེས་སྦྱོན་ལྡན་པའི་ལས་བྱེད་དཀོན་པའི་གནས་སྟངས་དང་གཉིས་ གསུམ་པ་འདས་པའི་ལོའི་ནང་སྤྱིར་གླ་ཕོགས་ཡར་རྒྱས་སོང་ནའང་རྒྱ་གར་ནང་བཟའ་བཅའི་རིང་གོང་ལྡབ་ལོག་ཕར་བའི་རྐྱེན་ བྱུང་སོང་ཁ་ཐབས་མི་ཐུབ་པའི་གནས་སྟངས་བཅས་ཀྱི་རྒྱུ་མཚན་ལུང་འདྲེན་བྱས་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎