རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་མི་རྒྱ་ནག་གིས་གདན་ཞུ།


2016.05.16
རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་(Subermanian Swamy) རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་(Subermanian Swamy)
པར་ཚགས། /IE

རྒྱ་ནག་གི་ཉམས་ཞིབ་ལས་དོན་ལྷན་ཁང་གི་སློབ་སྟོན་ཚན་པས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་(Subermanian Swamy)་བོད་ལ་གཟིགས་སྐོར་དུ་ཕེབས་གནང་ཡོང་བའི་གདན་ཞུ་ཕུལ་གནང་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་BJP་ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་(Subermanian Swamy)་དང་། རྒྱ་ནག་གཞུང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཁོང་བོད་ལ་གཟིགས་སྐོར་གནང་རྒྱུའི་གདན་འདྲེན་ཡང་ཞུས་ཡོད་ལུགས་BJP་ཚོགས་པའི་དཔོན་རིགས་མཐོ་གྲས་ཤིག་གིས་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་གསལ་སྟོན་གནང་འདུག   
རྒྱ་གར་གྱི་BJPཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་Subermanian Swamy་རྒྱ་ནག་ནང་གཟིགས་སྐོར་གནང་སྐབས་རྒྱ་ནག་གི་སློབ་གྲ་ཆེན་པོ་ཞིག་གི་ནང་གསུངས་བཤད་གནང་རྒྱུ་ཡིན་པ་རེད་འདུག
སྐུ་ཞབས་(Subermanian Swamy)་ཡི་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོང་རྒྱ་ནག་གཞུང་གི་སྐུ་མགྲོན་ཡིན་པའི་ངོས་ནས་བོད་ལ་གཟིགས་སྐོར་གནང་རྒྱུ་དང་། ད་དུང་སྟོད་གངས་རིན་པོ་ཆེར་གནས་སྐོར་དུ་ཕེབས་རྒྱུ་ཡིན་ལུགས་བཀོད་ཡོད་འདུག  
ད་དུང་གསལ་བསྒྲགས་དེའི་ནང་ཕྱི་ལོ་༡༩༧༨ལོ་ནས་བཟུང་སྐུ་ཞབས་Subermanian Swamy་རྒྱ་ནག་ལ་ཐེངས་མང་ཕེབས་ཡོད་པ་དང་། ཁོང་ནི་རྒྱ་ནག་དང་རྒྱ་གར་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་ཀྱི་ཐད་ཕྱག་ལས་གནང་མཁན་གྱི་མི་སྣ་གཙོ་གྲས་ཤིག་ཡིན་ལུགས་བཅས་The Indian Express་ཞེས་པའི་རྒྱ་གར་གྱི་གསར་ཤོག་ནང་གནས་ཚུལ་བཀོད་འདུག།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎