བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་ལ་ཆེ་བསྟོད་ཞུས་ཡོད་པ།

བོད་མིང་སྤྱི་འཐུས་ལྷན་ཚོཊ་ནས་རྒྱ་གར་ཨར་ཨེས་ཨེས་ཆབ་སྲིད་ཚོཊ་པའི་དབུ་ཁྲིད་ཟུར་པ་ཀེ་ཨེས་ཤུ་རྡར་ཤན་མཆོག་ལ་ཆེ་བསྟོད་ཞུས་པ།

2010.04.30

༄༅༎ དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་༡༤ཉིན་རྒྱ་གར་ལྷོ་ཕྱོགས་ལྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་ལྷན་ཚོགས་ཐོག་ལ། རྒྱ་གར་གྱི་ཨར་ཨེས་ཨེས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཟུར་པ་སྐུ་ཞབས་ཀེ་ཨེས་ཤུ་རྡར་ཤན་མཆོག་དང་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཨིན་ཊེ་རི་ཤི་རྣམ་གཉིས་གདན་ཞུ་གནང་སྟེ། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་པའི་རྗེས། ཁོང་རྣམ་གཉིས་ཀྱི་ད་བར་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་དང༌། བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་བའི་ཕྱག་ལས་ལ་རྗེས་སུ་ཡིད་རང་དང་བཀྲིན་ཆེ་ཞུ་བའི་རྗེས་དྲན་གྱི་ཕྱག་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།

མཛད་སྒོ་དེའི་ཐོག་ལ་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་བ་མི་ཉུང་བ་ཞིག་མཉམ་ཞུགས་བྱས་ཡོད་པ་དང། སྐུ་ཞབས་ཀེ་ཨེས་ཤུ་རྡར་ཤན་མཆོག་གིས་གསུང་བཤད་གནང་བའི་ནང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྫས་ལུས་དང་། རྫས་འགྱུར་མེད་པའི་སྲོལ་རྒྱུན་གྱི་སོ་ནམ་གྱི་ཐོན་སྐྱེས་ལས་དོན་འགོ་བཙུགས་གནང་བའི་ཕྱག་ལས་ལ་བསྔགས་བརྗོད་ཆེན་པོ་ཞུས་པ་རེད།།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎