འབར་མའི་གྲོས་ཚོགས་ནང་མཉམ་ཞུགས་ལ་ཕྱི་བཤོལ།
2012.04.22
༄༅༎འབར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨང་སན་སུ་ཅི་མཆོག་དང་ཕྱག་རོགས་རྣམས་གྲོས་ཚོགས་ནང་མཉམ་ཞུགས་གནང་རྒྱུ་ཕྱི་བཤོལ་གནང་རྒྱུ་ཡིན་འདུག
འབར་མའི་གཞུང་དང་ཕྱོགས་འགལ་དམངས་གཙོ་གནའ་འབྲེལ་ཚོགས་པའི་དབར་རྩོད་གླེང་ཡོད་པའི་རྣམ་པར་རེས་གཟའ་ཟླ་བའི་འཚོགས་རྒྱུར་གྲོས་ཚོགས་ནང་དམངས་གཙོ་གནའ་འབྲེལ་ཚོགས་པའི་དབུ་ཁྲིད་ཨང་སན་སུ་ཅི་གཙོས་པའི་གསར་དུ་འོས་འདེམས་བྱུང་བའི་ཚོགས་པའི་ཁྲིམས་བཟོ་བ་རྣམས་ཚོགས་ཞུགས་ངང་འཐེན་གནང་གཏན་འཁེལ་ཡོད་ལུགས་ཚོགས་པའི་མགྲིན་ཚབ་པ་ཨོའོན་ཀྱའནང་(Ohn Kyaing)གྱིས་གསུངས་འདུག རྩོད་རྙོག་གི་རྩ་བ་ནི་ཁྲིམས་བཟོ་བ་རྣམས་པའི་དམ་འབུལ་གྱི་ཚིག་གཞི་འགྱུར་བ་གཏོང་ཕྱོགས་སྐོར་ཡིན་པ་རེད། ད་ལྟའི་དམ་འབུལ་གྱི་ཚིག་གཞིར་རྒྱལ་ཁབ་ཀྱི་རྩམ་ཁྲིམས་སྲུང་སྐྱོབས་ཞུ་རྒྱུ་ཞེས་པ་བསྒྱུར་བཅོས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་ཞུ་རྒྱུ་ཞེས་ལེགས་བཅོས་དགོས་ལུགས་ཞུས་ཡོད་ཀྱང་སྲིད་འཛིན་ཐའེན་སེའེན་གྱིས་ཕྱོགས་འགལ་ཚོགས་པའི་དགོས་འདུན་གྲོས་ཚོགས་ཚོགས་དུ་འདིའི་རིང་ངོས་ལེན་གནང་རྒྱུ་ཕྱི་དྲག་ཡོད་ལུགས་འགྲེལ་བརྗོད་གནང་འདུག གསར་འགོད་པས་ཕྱོགས་འགལ་ཚོགས་པའི་མགྲིན་ཚབ་པར་ཨང་སན་སུ་ཅི་གཙོས་པའི་ཁྲིམས་བཟོ་བ་གསར་པ་རྣམས་གྲོས་ཚོགས་ཚོགས་དུས་ཡོངས་རྫོགས་ནས་མཉམ་ཞུགས་རྒྱུ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར་ང་ཚོས་གྲོས་ཚོགས་ནང་ཕྱིར་འཐེན་རང་བྱས་མེད། འོན་ཀྱང་དུས་ཚོད་རན་པོ་ཞིག་ལ་སྒུག་གི་ཡོད་ཅེས་གསུངས་གནང་འདུག།