ལྕམ་ཨང་སང་སུ་ཅཱིར་སྲིད་འཛིན་གྱི་ནུས་པ་ཆེ་བའི་རྒྱལ་ཁ་ཐོབ་བ།


2016.04.05
ལྕམ་ཨང་སང་སུ་ཅཱིར་(Aung San Suu Kyi)དང་མ་ཡན་མར་གྱི་མཐོ་རིམ་མི་སྣ་མཇལ་འཕྲད་སྐབས། ༢༠༡༦།༣།༣༠ ལྕམ་ཨང་སང་སུ་ཅཱིར་(Aung San Suu Kyi)དང་མ་ཡན་མར་གྱི་མཐོ་རིམ་མི་སྣ་མཇལ་འཕྲད་སྐབས། ༢༠༡༦།༣།༣༠
MOI / NurPhoto

འབར་མའམ་མ་ཡན་མར་གྲོས་ཚོགས་འོག་མའི་ནང་ཡོད་པའི་དམག་དོན་སྒྲིག་འཛུགས་ཀྱི་འཐུས་མི་ཚོས་ངོ་རྒོལ་བྱས་མིན་ལ་མ་བལྟོས་པར། རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅཱིར་(Aung San Suu Kyi)སྲིད་འཛིན་གྱི་ནུས་པ་ཆེ་བའི་དམིགས་བསལ་སློབ་སྟོན་པའི་གོ་གནས་ཞིག་བསྐྲུན་ཐབས་ཆེད་འོས་ཤོག་འཕེན་ཏེ་རྒྱལ་ཁ་ཐོབ་ཡོད་འདུག།
ཁྲིམས་ཡིག་གསར་པ་དེའི་ཐོག་ནས་ལྕམ་ཨང་སང་སུ་ཅཱིར་(Aung San Suu Kyi)འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀའི་ནང་འགན་འཁུར་དབང་ཚད་ཡོད་པ་བཟོས་ཡོད་ཅིང་། འོན་ཀྱང་འབར་མའི་དྲག་པོའི་སྒྲིག་འཛུགས་ཀྱི་འཐུས་མི་ཚོས་རྒྱལ་ཁབ་སློབ་སྟོན་པ་ཞེས་པའི་ཁྲིམས་ཡིག་གི་མིང་འདི་ནི་གོ་གནས་དེ་ཡོད་མཁན་གྱི་གང་ཟག་དེས་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཁང་གཉིས་ཀའི་དབང་ཚད་ལོངས་སུ་སྤྱོད་ཐུབ་ལུགས་བརྗོད་བཞིན་པ་དེ་ནི་རྩ་ཁྲིམས་ཀྱི་འགན་དབང་དང་འགལ་འཛོལ་ཡིན་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།
ཚེས༡་གཟའ་ཟླ་བའི་ཉིན་འབར་མའི་གྲོས་ཚོགས་གོང་མའི་དམག་དོན་སྒྲིག་འཛུགས་ཀྱི་འཐུས་མི་ཚོས་ཀྱང་རྒྱལ་ཁབ་ཀྱི་སློབ་སྟོན་པའི་གོ་གནས་དེ་ནི་རྩ་ཁྲིམས་དང་མ་མཐུན་པ་ཞིག་ཡིན་ལུགས་བརྗོད་ཡོད་འདུག།
ད་ལྟའི་འབར་མའི་དྲག་པོའི་གཞུང་གིས་གཏེན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་སེར་གང་ཞིག་གི་བཟའ་ཟླའམ་ཕྲུ་གུ་འབར་མའི་མི་སེར་མ་ཡིན་པ་ཞིག་རྒྱལ་ཁབ་ཀྱི་སྲིད་འཛིན་བྱེད་འོས་མི་ཚང་བ་གསལ་བ་དེའི་ཐོག་ནས་ལྕམ་ཨང་སང་སུ་ ཅཱི་རྒྱལ་ཁབ་ཀྱི་སྲིད་འཛིན་གནང་ཆོག་གི་མེད་ཅིང་། ལྕམ་ཨང་སང་སུ་ཅཱི་ཁོང་གི་ངོས་ནས་རྒྱལ་ཁབ་ཀྱི་འཛིན་སྐྱོང་སྲིད་འཛིན་གྱི་གོང་ནས་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ལོ་ངོ་ལྔ་བཅུ་ཙམ་གྱི་རིང་འབར་མའི་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་མཁན་དམག་དོན་སྒྲིག་འཛུགས་ཀྱིས་གཏེན་བེབས་བྱས་པའི་རྩ་ཁྲིམས་ནང་། འབར་མའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཆ་གཅིག་དམག་མི་དང་ལས་དོན་གལ་འགངས་ཆེ་བའི་བློན་ཆེན་གསུམ་དམག་དོན་སྒྲིག་འཛུགས་ནས་ཡོང་དགོས་པ་གསལ་ཡོད་པ་རེད།
རྒྱལ་ཁབ་ཀྱི་སློབ་སྟོན་ལས་ཁུངས་གསར་འཛུགས་བྱ་རྒྱུའི་ཁྲིམས་ཡིག་དེ་སྲིད་འཛིན་གྱི་མདུན་ལྕོག་སྟེང་སླེབས་རྗེས་སྲིད་འཛིན་ནས་མཚན་རྟགས་སྐྱོན་དགོས་ཀྱི་ཡོད་པ་རེད། འབར་མའི་སྲིད་འཛིན་གསར་པ་ཏིན་ཀྱོ་ནི་ལྕམ་ཨང་སང་སུ་ཅཱིས་འདེམས་སྒྲུག་གནང་པ་ཞིག་ཡིན་སྟབས། ཁྲིམས་ཡིག་དེར་མཚན་རྟགས་ངེས་པར་སྐྱོན་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎