ཨང་སན་སུ་ཅིས་བྱང་ཕྱོགས་སུ་འོས་བསྡུའི་དྲིལ་བསྒྲགས་སྤེལ།

འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོས་ཡུལ་དེའི་བྱང་ཕྱོགས་སུ་དྲིག་བསྒྲགས་སྤེལ་ཆེད་ཕེབས་ཡོད་པ།

2012.02.23

༄༅༎འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅི་མཆོག་བྱང་ཕྱོགས་སུ་འོས་བསྡུའི་དྲིལ་བསྒྲགས་ཆེད་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་འབར་མའི་ནང་རིང་མིན་ཕྱི་ཟླ་བཞི་པའི་ནང་འོས་བསྡུ་བྱེད་རྒྱུ་ཡིན་པའི་དུས་ཚོད་འདིར་མང་གཙོ་ཚོགས་པའི་འགོ་འཁྲིད་ལྕམ་ཨང་སན་སུ་ཅི་མཆོག་ད་རིང་རེས་གཟའ་ཕུར་བུའི་ཉིན་འབར་མའི་བྱང་ཕྱོགས་ལུང་ཁུག་ས་ཁུལ་ཁག་ཅིག་ལ་འོས་བསྡུའི་དྲིལ་བསྒྲགས་གནང་བར་ཕེབས་ཡོད་འདུག ཁོང་ཁུལ་དེར་ཕེབས་པའི་སྐབས་མང་ཚོགས་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཚོས་དགའ་བསུ་ཟབ་རྒྱས་ཞུས་ཡོད་འདུག ཁོང་ལ་རྒྱབ་སྐྱོར་ཞུ་མཁན་གྲངས་ཉུང་ཀོ་ཅིན་ཞེས་པའི་མི་རིགས་ཡིན་པ་ཞིག་གིས། ངའི་མི་ཚེའི་ནང་ཁོང་རྩ་བ་ནས་མཇལ་མྱོང་མེད། ཁོང་ནི་བུད་མེད་དཔའ་མོ་ཞིག་དང་ནོ་བེལ་ཞི་བདེའི་གཟེངས་རྟག་བཞེས་མྱོང་མཁན་ཞིག་ཡིན་དུས་ད་རེས་ཁོང་མཇལ་བར་ཧ་ཅང་དགའ་པོ་བྱུང་ཞེས་འགྲེལ་བརྗོད་བྱེད་འདུག ཡང་ཧོང་ཀོང་ལ་རྟེན་གཞི་བྱས་པའི་འབར་མའི་གནད་དོན་ཐོག་མཁས་པ་རེ་ནོདྲ་ཞུ་བས། ལྕམ་ཨང་སན་སུ་ཅི་མཆོག་ནས་རིགས་བརྒྱུད་དང་། ཚོགས་པ་སོགས་ཀྱི་དབྱེ་འབྱེད་མེད་པར་མི་མང་མཐུན་སྒྲིལ་ཡོང་ཐབས་སུ་འབད་བརྩོན་གནང་ཡོད་པར་བརྟེན་མང་ཚོགས་ནས་དགའ་མོས་བྱེད་ཀྱི་ཡོད་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎